51005
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱས་ནས་སྒོམ་པའི་ཤེས་རབ་ཀྱིས་ཟིན་པའི་བྱང་སེམས་ཀྱི་ལམ་ཞིག་ལ་འཇོག། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ནི། མཁྱེན་པ་ཡུལ་གྱི་སྒྲུབ་པ་དང་། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་དོན་གཅིག་པ་ཡིན་ཏེ། སྒྲུབ་པ་བཞི་པོ་གང་རུང་ཡིན་ན། མཁྱེན་པ་ཡུལ་གྱི་སྒྲུབ་པ་ཡིན་དགོས། སྦྱོར་བ་བཞི་པོ་གང་རུང་ཡིན་ན། སྦྱོར་བ་བྱེ་བྲག་གི་སྒྲུབ་པ་ཡིན་དགོས། སྒྲུབ་པ་བཞི་པོ་གང་རུང་ཡིན་ན། སྦྱོར་བ་བཞི་པོ་གང་རུང་ཡིན་དགོས། དེ་ཡིན་ན། སྒྲུབ་པ་བཞི་པོ་གང་རུང་ཡིན་དགོས་པའི་ཕྱིར། མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། མཁྱེན་པ་ཡུལ་གྱི་སྒྲུབ་པའི་མཚན་ཉིད། ཕར་ཕྱིན་དྲུག་ལྡན་དུ་བསམ་པ་ཅི་རིགས་པས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ། སྦྱོར་བ་བྱེ་བྲག་གི་སྒྲུབ་པའི་མཚན་ཉིད། ཁ་ཅིག། ཟིན་བྱེད་ལ་མི་སྦྱོར་བར། མཁྱེན་གསུམ་གང་རུང་གི་རྣམ་པ་ཡུལ་དུ་བྱེད་པའི་སེམས་དཔའི་རྣལ་འབྱོར་ཞེས་སྦྱོར་བ་མི་འཐད་དེ། ཐེག་པ་ཆེན་པོའི་མཐོང་ལམ་བར་ཆད་མེད་ལམ་གྱིས་མ་ངེས་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:མཁྱེན་པ་ཡུལ་གྱི་སྒྲུབ་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་གྱི་རྣམ་པ་ཉམས་སུ་ལེན་པའི་ཉམས་ལེན་གྱི་བྱ་བས་ཟིན་པའི་སེམས་དཔའི་རྣལ་འབྱོར། མཚན་གཞི་ནི། སྐབས་དང་པོ་གསུམ་དུ་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པ་ལྟ་བུ། |
{{#arraymap:མཁྱེན་པ་ཡུལ་གྱི་སྒྲུབ་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་གྱི་དོན་རྣམ་སྒོམ་པར་བྱེད་པའི་བསམ་པ་བཟང་པོས་ཟིན་པའི་སེམས་དཔའི་རྣལ་འབྱོར། དེ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། གོ་སྒྲུབ། འཇུག་སྒྲུབ། ཚོགས་སྒྲུབ། ངེས་འབྱུང་སྒྲུབ་པ་རྣམས་སུ་ཡོད། |
{{#arraymap:མཁྱེན་པ་ཡུལ་གྱི་སྒྲུབ་པ་
|; |@@@ | | }}