51070
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གཅིག་པའི་དུས་མགོར་འཁྲུངས། སློབ་གཉེར་དང་པོ་བོད་ནས་གནང་། བལ་ཡུལ་དང་། རྒྱ་གར་སོགས་སུ་ཐོས་བསམ་མཛད། ལོ་ཙཱ་བ་ཆེན་པོར་གྱུར། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དྲག་པོ་གསུམ་འདུལ་ཞེས་བྱ་བའི་རྩ་རྒྱུད་དང་། གོས་སྔོན་པོ་ཅན་གྱི་བཤད་རྒྱུད་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལེའུ་གསུམ་པ། ཕོ་ཉའི་འཁོར་དུ་གཏོགས་པ་བཀའ་ཉན་ཕོ་མོ་ལ་འཕགས་པ་མི་གཡོ་བའི་གཟུངས་ལེའུ་དགུ་པ། པདྨ་ཅོད་པན་གྱི་རྒྱུད་ལེའུ་བཅུ་གཅིག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལེའུ་སོ་ལྔ་པ། བསྟན་འགྱུར་ལས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། མཚན་བརྗོད་ཀྱི་འགྲེལ་བ་བསྡུས་གསལ། སྦྱིན་སྲེག་གི་ཆོ་ག་མདོར་བྱས་པ། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། འཕགས་པ་མི་གཡོ་བའི་སྒྲུབ་ཐབས་གཏོར་མའི་ཆོ་ག འཕགས་པ་འཇམ་དཔལ་གྱི་སྤྱོད་ལམ་གྱི་ཆོ་ག སྦྱིན་སྲེག་གི་ཆོ་ག རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོའི་སྒྲུབ་ཐབས། བསད་པ་བདུད་རྩིའི་གསོ་བ། བདུད་རྩི་འོ་མའི་མཆོད་པ། ཀླུ་ཁྲོ་བོ་བསད་པའི་འཕྲིན་ལས། ཀླུ་རིགས་བཞི་མནན་པའི་ཆོ་ག མཛེ་ནད་ཀྱི་མཚན་ཉིད། ཁྲོ་བོའི་རྒྱལ་པོ་གནམ་ལྕགས་འབར་བའི་སྒྲུབ་ཐབས་ཀླུ་འདུལ་བའི་ངན་ཐབས་བཅས་མང་དུ་བཞུགས། |
{{#arraymap:མགར་ཆོས་ཀྱི་བཟང་པོ་
|; |@@@ | | }}