51072

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགར་དམ་པ་ཆོས་སྡིངས་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ལྕགས་བྱི་ཕྱི་ལོ་ ༡༡༨༠ ལོར་ཁམས་ཕྱོགས་སུ་འཁྲུངས། ཆུང་དུས་ནས་འབྲི་གུང་དུ་ཕེབས། ཆོས་རྗེ་སྐྱོབ་པ་བཤེས་གཉེན་དུ་བསྟེན། གདམས་པ་ཟབ་རྒྱས་མ་ལུས་པ་གསན། ཙ་རིར་གསང་སྔགས་ཀྱི་སྤྱོད་པ་བསྐྱངས། དྭགས་པོ་མགར་ཕུག་ཏུ་སྒྲུབ་ཉམས་ལེན་བརྩོན། རྟོགས་པའི་ཡོན་ཏན་མངའ་བརྙེས། འབྲི་གུང་རླུང་ཤོད་དུ་ཆོས་སྡིངས་བཏབ། དགེ་འདུན་ཤིན་ཏུ་མང་བར་འདུས། དགོན་པ་བྲལ་ཏེ་སྤོ་བོར་བྱོན། ཕུར་དགོན་རིན་ཆེན་གླིང་གི་རྩིག་རྨང་བཏིངས། ཞག་དྲུག་རེ་གསུམ་པར་སྐུ་གཤེགས་ཀྱང་བྱིན་རླབས་ཀྱི་དབང་གིས་རྩ་བའི་གདན་སར་སོང་། འདས་ལོ་མི་གསལ། འབྲི་གུང་ཆོས་རྗེ་སྐྱོབ་པ་འཇིག་རྟེན་མགོན་གྱི་ཐུགས་སྲས་བརྒྱད་ཀྱི་ཡ་གྱལ་ཡིན།

{{#arraymap:མགར་དམ་པ་ཆོས་སྡིངས་

|; |@@@ | | }}