51087
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བདུན་དཀྱིལ་དུ་བློན་ཆེན་པོ་མགར་སྟོང་བཙན་གྱི་སྲས་སུ་འཁྲུངས། རྒྱལ་པོ་མང་སྲོང་མང་བཙན་གྱི་དམག་དཔོན་ཞིག་ཡིན། འཇང་ཡུལ་སོགས་ཆབ་འབངས་སུ་བཀུགས། རྒྱལ་པོ་འདུས་སྲོང་མང་པོ་རྗེའི་སྐབས་སུ་དམག་དཔོན་གནང་། ས་ཁྱི་ཕྱི་ལོ ༦༩༨ ལོར་གཅེན་པོ་མགར་ཁྲི་འབྲིང་བཙན་བྲོད་དང་མཉམ་དུ་མདོ་སྨད་ཙོང་ཁའི་ཡུལ་དུ་དམག་དྲངས་ཏེ་དབང་དུ་བསྡུས། ས་ཕག་ཕྱི་ལོ ༦༩༩ ལོར་ཐང་རྒྱལ་མགོ་འབུལ་ཞུས། ཐང་གོང་མས་ཁོང་ལ་ཐེ་ཅིན་དང་ཕུའུ་གོ་དམག་དཔོན་ཆེན་པོ། ཀོས་ཏེ་ཅུན་ཝང་སོགས་གོ་གནས་གནང་བ་ཐང་དེབ་གསར་མ་ལས་གསུངས་འདུག |
{{#arraymap:མགར་སྟག་ར་ཁོང་ལོད་
|; |@@@ | | }}