51103

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགུར་ (1)
Part of speech མིང་ཚིག
Definition བོད་ཀྱི་གནའ་བོའི་རྩོམ་རིག་གི་རྣམ་པ་ཞིག་སྟེ། ཚིག་གི་གཅོད་མཚམས་དང་ངལ་གསོའི་སྡོད་མཚམས་སོགས་ནི་ཡིད་ཀྱི་འགྱུར་བ་དང་བསྟུན་ནས་ཐོལ་བྱུང་དུ་གྱེར་བའི་བསམ་བའི་བརྩེ་དུང་དང་། ལྟ་བ་མཚོན་ཐབས་བྱེད་པ་ཞིག་ཡིན་ཅིང་། དེ་ལ་ནང་དོན་གྱི་ཆ་ནས་སྲིད་ཕྱོགས་དང་། ཆོས་ཕྱོགས་སོགས་ཅི་རིགས་ཡོད་པ་དང་། སྔོན་གྱི་དུས་སུ་བཙན་པོ་ཚོའི་སྐུ་རིང་ལ་རྒྱལ་པོ་དང་བློན་པོའི་བར་ལ་བཞེངས་པའི་སྲིད་ཕྱོགས་ཀྱི་མགུར་དང་། དུས་ཕྱིས་སུ་རྗེ་མི་ལ་རས་པ་དང་། རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་རྣལ་འབྱོར་པ་དང་མཁས་གྲུབ་ཀྱི་སྐྱེས་ཆེན་ཚོས་བཞེངས་པའི་ཆོས་ཕྱོགས་ཀྱི་མགུར་སོགས་ཡིན།
Example ལྕང་སྐྱའི་ལྟ་མགུར་ལྟ་བུ།
Domain རྩོམ་རིག

{{#arraymap:མགུར་

|; |@@@ | | }}