51118

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགུལ་ཆིངས་ (1)
Part of speech མིང་ཚིག
Definition སྐེ་དཀྲིས་ཀྱི་མིང་སྟེ།
Example མགུལ་ཆིངས་དམར་པོ་ཅན་གྱི་བུ་མོ་དེ་སུ་རེད་ལྟ་བུ།

{{#arraymap:མགུལ་ཆིངས་

|; |@@@ | | }}

མགུལ་ཆིངས་ (2)
Part of speech མིང་ཚིག
Definition བུམ་པའི་ན་བཟའམ་བུམ་པའི་སྐེ་ལ་འདོགས་རྒྱུའི་དར་ཟབ་ཀྱི་མིང་སྟེ།
Example རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། མང་ཐོས་བཅུད་དང་མི་ལྡན་བུམ་པ་ལ། །བསྟོད་བསྔགས་པ་ཉྩ་ལི་ཀའི་མགུལ་ཆིངས་ཅན། །ཞེས་པ་ལྟ་བུ།

{{#arraymap:མགུལ་ཆིངས་

|; |@@@ | | }}

མགུལ་ཆིངས་ (3)
Part of speech མིང་ཚིག
Definition སྲོག་ཆགས་ཀྱི་གཟུགས་བརྙན་ནམ་གླུད་ཀྱི་སྐེ་ལ་འདོགས་རྒྱུའི་མེ་ཏོག་གི་ཕྲེང་བའི་མིང་སྟེ།
Example ས་པཎ་གྱི་མཁས་འཇུག་ལས། འབྱུང་པོ་དང་མགུལ་ཆིངས་བཞིན་ནོ་ཞེས་པ་ནི། འབྱུང་པོ་མཆོད་པ་དག་གིས་སྲོག་ཆགས་ཀྱི་གཟུགས་བརྙན་མི་འདྲ་བ་མང་པོའི་མགྲིན་པར་མེ་ཏོག་གི་ཕྲེང་བ་ལ་སོགས་པའི་སྲད་བུ་གཅིག་གིས་བཅིངས་པ་ལྟར། བྱེ་བྲག་དུ་མ་ལ་སྤྱི་གཅིག་གིས་ཁྱབ་པའི་དཔེའོ། །ཞེས་པ་ལྟ་བུ།

{{#arraymap:མགུལ་ཆིངས་

|; |@@@ | | }}