51123

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགུལ་འགགས་ (1)
Part of speech མིང་ཚིག
Definition སྐད་འཛེར་བའམ་སྐད་འགགས་པ་སྟེ།
Example མགུལ་འགགས་ནས་གསུང་སྐད་འབྱོན་ཁག་ཙམ་འདུག་ལྟ་བུ།

{{#arraymap:མགུལ་འགགས་

|; |@@@ | | }}

མགུལ་འགགས་ (2)
Part of speech མིང་ཚིག
Definition མིད་པའི་ནང་དུ་འབྱུང་བའི་ནད་རིགས་ཉེན་ཁ་ཆེན་པོ་ཅན་ཞིག་སྟེ། ཕོ་བ་དང་། བྲང་། གློ་བ་བཅས་ལ་བད་ཀན་རྒྱས་ནས་དེའི་ནད་རླངས་དེ་དག་གློ་བའི་ཡུ་བ་དང་། མིད་པར་ཆགས་པའི་རྐྱེན་གྱིས་མིད་པ་འཆུས་ནས་ཁ་ཟས་ཟ་སྐབས་མིད་དཀའ་བ་དང་། དབུགས་རྔུབ་འདོན་མི་བདེ་ཞིང་ལུས་པོའི་ཤ་རྣམས་བསྐམས་ནས་ལུས་ཀྱི་སྟོབས་འཆོར་བ་དང་། ཕོ་བའི་ནང་ལ་ཟས་སྐོམ་རྣམས་མེད་པས་ཕོ་བ་ཚ་ནས་རུབ་ཅིང་མཇུག་ཏུ་མེ་དྲོད་ཀྱི་འཇུ་སྟོབས་ཇེ་ཞན་དུ་སོང་བས་མིད་པ་འགགས་ནས་འཆི་བ་ཡིན། མན་ངག་རྒྱུད་ལས། བད་ཀན་མགུལ་འགགས་སམ་མིད་པ་འཆུས་ཞེས་པ་ཕོ་བ་དང་བྲང་དང་གློ་བར་བད་ཀན་དེ་ཉིད་རྒྱས་པ་ཡིས་བད་ཀན་གྱི་ནད་རླངས་དེ་དག་གློ་བའི་ཡུ་བ་དང་མིད་པར་ཆགས་པ་དེས་དཔེར་བརྗོད་ན་དོང་བའམ་ཟོ་བའི་ལོགས་ལ་ཟོ་ཤ་ཆགས་པ་འདྲ་ཞིང་དེའི་རྐྱེན་གྱིས་མིད་པ་འཆུས་ནས་ཁ་ཟས་གང་ཡང་མིད་པར་དཀའ་ལ་དབུགས་རྔུབ་ཅིང་འདོན་པ་མི་བདེ་ཞིང་ཤ་རྣམས་སྐམས་ལ་ལུས་ཀྱི་སྟོབས་འཆོར་བ། ཟས་དང་སྐོམས་རྣམས་མེད་པས་ཕོ་བ་ཚ་ནས་རུབ་ཅིང་མཇུག་ཏུ་མེ་དྲོད་ཀྱི་འཇུ་སྟོབས་ཆུང་དུ་སོང་བའམ་མིད་པ་འགགས་ནས་འཆི་བ་ཡིན་ནོ། །ཞེས་གསུངས།

{{#arraymap:མགུལ་འགགས་

|; |@@@ | | }}