51179
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བདུན་པ། རབ་བྱུང་བདུན་པའི་ལྕགས་ཁྱི་ཕྱི་ལོ་ ༡༤༣༠ ལོར་ཡབ་གྭ་ཟི་བསོད་ནམས་རིན་ཆེན་དང་ཡུམ་རོང་བཟང་ཨ་ལྷ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྗེ་མི་གཡོ་མགོན་པོ་དང་དྲུང་བློ་གྲོས་རིན་ཆེན། མཚམ་དཔོན་ཚུལ་ཁྲིམས་འོད་ཟེར། མཁན་ཆེན་ཤེས་རབ་ཡེ་ཤེས་སོགས་ལས་སྤྱི་དང་བྱེ་བྲག་གི་ཆོས་སྐོར་མ་ལུས་པ་གསན། ཡེ་ཕུག་གི་གདན་ས་བ་ཡང་མཛད། ཤིང་ཁྱི་ཕྱི་ལོར་ ༡༤༥༤ རི་ཆེའི་ཁྲི་ལ་འཁོད་དེ་ཐོས་བསམ་སྒོམ་གསུམ་གྱིས་བསྟན་པ་བསྐྱངས། ཆུ་རྟ་ཕྱི་ལོ་ ༦༤༢ ལོར་ཁྲི་ཟུར་མཛད་དེ་ལྷོ་བྱང་མདོ་སྨད་སོགས་ལ་སྒར་ཆེན་བཏེགས་ནས་འགྲོ་དོན་བསྐྱངས་ཤིང་སྡེ་འཁྲུགས་འདུམ་པར་མཛད། ནང་སོ་ཀུན་དགའ་རྒྱལ་མཚན་དང་ལྷོ་རོང་དཔོན་ཚེ་དབང་རྒྱལ་སོགས་ཀྱིས་རྟ་ཚགས་གི་ལྷ་ཁང་རྟེན་བཅས་དང་། རྫོང་ཁར་རྔུ་ཤོད་ཀྱི་མི་སྡེ། ངོ་འདུ་དགོན་གནས་དང་བཅས་པ་ཕུལ། ལྗང་རྒྱལ་པོ་དབུ་བླ་མཛད་ཅིང་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་དཀྲིས། ཐུབ་ཆེན་བྱང་ཆུབ་ཆེན་པོས་གཙོས་རྟེན་གསུམ་ཡང་མང་དུ་བཞེངས། མཐར་ཆུ་མོ་སྤྲུལ་ཕྱི་ལོ་ ༡༤༧༣ ལོར་སྐུ་གཤེགས། |
{{#arraymap:མགོ་པོ་ཡེ་ཤེས་
|; |@@@ | | }}