51203
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལུས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ སྲིན་བུ་ཀུན་ཏུ་རྒྱུ་བ་དེའི་རིགས་ཅན་དུ་གྱུར་པ་རྣམས་ཟས་ཀླད་ཕོར་ལ་རྒྱུ་བ་ཡིན་ནོ། ། ༢ ཀླད་ཕོར་ལ་རྒྱུ་བ་ཞེས་བྱ་བའི་སྲིན་ནི། ཀླད་པ་ཟ་བ་རྒྱུ་བར་བྱེད་པ་སྟེ། དེ་ལ་ཡང་སོ་སོར་གནས་པ་དང་དེའི་རིགས་ཅན་དང་ཀླད་པ་ཟ་བར་བྱེད་པ་ཡིན་ནོ། ། ༣ ཀླད་ཕོར་གྱི་རུས་པའི་གསེབ་ན་འགྲོ་བའི་སྲིན་རྣམས་ནི། མགོའི་ཀླད་ཕོར་གྱི་གསེབ་ན་སོ་སོར་གནས་སོ། །དེའི་རིགས་ཅན་དང་དེའི་ཟས་སུ་གྱུར་པ་ཡང་ཡིན་ནོ། ། ༤ སྐྲ་ཟ་བ་ཞེས་བྱ་བའི་སྲིན་ནི། ཀླད་ཕོར་གྱི་ཕྱི་རོལ་ན་ཡོད་དེ། དེ་སྐྲ་ལོའི་རྩ་བའི་ཟས་ཅན་དེ་ཟས་ཕལ་ཆེ་བར་གྱུར་ན་ནི། མགོ་བོ་སྐྲ་རྗེན་དུ་འགྱུར་རོ། ། |
{{#arraymap:མགོ་བོའི་ཀླད་ཕོར་གྱི་དུམ་བུ་བཞིའི་སྲིན་བུ་བཞི་
|; |@@@ | | }}