51225

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགོ་ཟླ་བ་ (1)
Part of speech མིང་ཚིག
Definition ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་རྒྱས་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་མགོ་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་ཧོར་ཟླ་བཅུ་བའི་ཚེས་བཅུ་དྲུག་ནས་བཅུ་གཅིག་པའི་བཅོ་ལྔའི་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་ཅིང་། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་སྟག་ཟླ་སྟེ་དཔྱིད་ར་དང་། རྟེན་འབྲེལ་པའི་ལུགས་ཀྱི་རྒ་ཤིའི་ཟླ་བ། བོད་རྒྱལ་པོའི་ལུགས་ཀྱི་དགུན་ཟླ་ར་བ། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་གཞུའི་ཁྱིམ་ཟླ་བཅས་ཡིན།
Domain རྩིས་རིག

{{#arraymap:མགོ་ཟླ་བ་

|; |@@@ | | }}