51552

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མངའ་བདག་སེང་གེ་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་དུས་མཇུག་དུ་ཡབ་མངའ་བདག་འཇམ་དབྱངས་རྣམ་རྒྱལ་དང་། ཡུམ་རྒྱལ་མོ་ཁབ་ཏུན་གཉིས་ཀྱི་སྲས་སུ་མངའ་རིས་ཡུལ་དུ་འཁྲུངས། མངའ་རིས་ཀྱི་རྒྱལ་སྲིད་བསྐྱངས། སྔ་རྗེས་སུ་གུ་གེ་ཕྱི་འབྲོག་དང་། གུ་གེ་བཅས་ལ་དམག་དྲངས། རུ་ཤོད་བདག་མོ་བསྐལ་བཟང་སྒྲོལ་མ་ཁབ་ཏུ་བསུས། བདེ་ལྡན་རྣམ་རྒྱལ་དང་། ཨིནྡྲ་བྷོ་ཏི། བདེ་མཆོག་རྣམ་རྒྱལ་གསུམ་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་ཡུམ་གྱི་དགོངས་རྫོགས་ཀྱི་ཕྱིར་དུ་གསེར་འབུམ་དང་། དངུལ་འབུམ་ཆ་ཚང་དང་བཅས་པ་ཕུལ། སྟག་ཚང་རས་ཆེན་གྱིས་ཧེ་མི་བྱང་ཆུབ་བསམ་གླིང་དགོན་དང་། ལྕེ་བདེ་ཐེག་མཆོག་དགོན། ཝམ་ལེ་བདེ་ཆེན་དགོན་བཅས་དགོན་ཆེན་གསུམ་གྱིས་གཙོས་པའི་གཙུག་ལག་ཁང་མང་པོ་བཞེངས་པའི་སྦྱིན་བདག་གནང་། གཞན་ཡང་ཝམ་ལེ་དང་། རྒོད་ཡུལ། ཁ་ནག་གཙང་དམར། སྐྱུ་དམར་ནང་། མེ་རུ། དར་རྩེ་སོགས་ཀྱི་ས་ཁུལ་དང་། ལ་དྭགས་སྟོད་གཤམ་དང་། མངའ་ཞབས་གང་ཡོད་ནས་སྟག་ཚང་རས་ཆེན་ལ་མཆོད་གཞིས་ས་ཕུད་རེ་རེ་ཕུལ། མངའ་རིས་ཀྱི་རྒྱལ་རབས་ཉེར་གསུམ་པ་ཡིན།