51815

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མངོན་མཚན་ཅན་གྱི་སྤང་ལྟུང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་གཉན་ཡོད་དུ་དྲུག་སྡེས་མངོན་མཚན་ཅན་གྱི་སྐྱེད་འགྱེད་པར་བྱེད་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་འདོད་པ་ཆེས་པ་དང་། མ་བྱིན་ལེན་གྱི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེད་ཀྱི་གཞི་གསེར་དངུལ་ལ་སོགས་པའི་དངོས་པོ་ཁྱིམ་པ་ལ་སྐྱེད་དུ་བཏང་སྟེ། ཡུལ་དུས་དེ་ན་སྐྱེད་གང་ཡོད་པ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །འདི་ལ་བཞི་ལས། གཞི་ལ་ཡུལ་ནི་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པ། ཉེ་དུ་མ་ཡིན་པའོ། །དངོས་པོ་པ་ནའམ་རིན་པོ་ཆེ་རང་དབང་བ། ཐ་སྙད་དུ་གདགས་སུ་རུང་བ་ཚད་དང་ལྡན་པའོ། །ཀུན་སློང་རྙེད་པ་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསྐྱེད་པར་རྩོམ་པའོ། །མཐར་ཐུག་བསྐྱེད་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །དགེ་སློང་གིས་རང་དོན་དུ་གསེར་ལ་སོགས་པའི་རིན་པོ་ཆེ་ལ་བུན་བསྐྱེད་མངོན་མཚན་ཅན་བྱས་པས་བསྐྱེད་ལག་ཏུ་ཐོབ་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། རྙེད་པ་འདོད་པ་ལ་ལྟུང་བ་འབྱུང་ངོ་། །ཕ་རོལ་པོ་ཁྱིམ་པ་ཉེ་དུ་མ་ཡིན་པ་ཉིད་དངོས་གཞིའོ། །བསྐྱེད་ཕྱིན་ནའོ། །ཞེས་དང་། སྡོམ་བརྩོན་གང་ཞིག་ནོར་ལྡན་པས། །བསྐྱེད་ཀྱི་དོན་དུ་གཏོང་བྱེད་ན། །བསྐྱེད་ཐོབ་ལྟུང་བ་རྡོ་རྗེ་ཡིས། །བདག་ཉིད་འཇོམ་པར་བྱེད་པ་ཡིན། །ཞེས་གསུངས་པའི་ཕྱིར། མངོན་མཚན་ཅན་མ་ཡིན་པར་ལྐོག་ཏུ་བསྐྱེད་བཏང་པ་ལ་ཉེས་པ་མེད་པར་བཤད་དོ། །འདི་ནི་དྲུག་སྡེས་ཀར་ཤ་པ་ནི་ལ་སོགས་པ་ལ་བུན་བསྐྱེད་མངོན་མཚན་ཅན་བྱས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།