51897

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མངོན་སུམ་ལྟར་སྣང་ (1)
Part of speech མིང་ཚིག
Definition རྟོག་མེད་འཁྲུལ་བའི་ཤེས་པ་སྟེ། རང་སྣང་བའི་ཤེས་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་གིས་རང་ཡུལ་ལོག་པར་སྣང་བ། དཔེར་ན་ཟླ་གཅིག་ཟླ་གཉིས་སུ་སྣང་བ་ལྟ་བུ་གྲངས་ལ་འཁྲུལ་བ་དང༌། དུང་སེར་སྣང་ལྟ་བུ་ཁ་དོག་ལ་འཁྲུལ་བ་དང༌། རི་ལྗོན་འགྲོ་བར་སྣང་བ་ལྟ་བུ་བྱ་བ་ལ་འཁྲུལ་བ་དང༌། མགལ་མེ་བར་མ་ཆད་དུ་འཁོར་བར་སྣང་བ་ལྟ་བུ་དབྱིབས་ལ་འཁྲུལ་བ་བཅས་ཏེ། དང་པོ་གཉིས་ནི་མིག་རབ་རིབ་དང་མཁྲིས་ནད་སོགས་ནང་གི་འཁྲུལ་རྒྱུས་བསླད་པ་དང༌། ཕྱི་མ་གཉིས་ནི་གྲུར་ཞུགས་པ་དང༌། མགལ་མེ་མྱུར་དུ་བསྐོར་བ་ལྟ་བུ་ཕྱིའི་འཁྲུལ་རྒྱུས་བསླད་པ་ལས་བྱུང་བའི་ལོག་ཤེས་སོ། །
Domain ཚད་མ།
མངོན་སུམ་ལྟར་སྣང་ (2)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མངོན་སུམ་ལྟར་སྣང་གི་མཚན་ཉིད། རང་གི་སྣང་ཡུལ་ལ་འཁྲུལ་པའི་ཤེས་པ། དབྱེ་ན། རྟོག་མེད་མངོན་སུམ་ལྟར་སྣང་དང་། རྟོག་པ་མངོན་སུམ་ལྟར་སྣང༌། ཞེས་གསུངས།