52079

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:38, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཆེད་ལྕམ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཆེད་ལྕམ་རྣམ་པ་དྲུག་ནི། སྤྱིའི་མཆེད་ལྕམ་དང་། བསྟན་པའི་མཆེད་ལྕམ་དང་། མཐུན་པའི་མཆེད་ལྕམ་དང་། མཛེས་པའི་མཆེད་ལྕམ་དང་། ཉེ་བའི་མཆེད་ལྕམ་དང། འདྲིས་པའི་མཆེད་ལྕམ་དང་དྲུག་སྟེ། ཕྱོགས་བཅུའི་མུན་སེལ་ལས། སྤྱིར་མཆེད་ལྕམ་རྣམ་པ་དྲུག་སྟེ། སེམས་ཅན་ཐམས་ཅད་ཡེ་གདོད་མ་ནས་བདག་གི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དོ། །སངས་རྒྱས་ཀྱི་ཆོས་ལ་ཞུགས་སོ་ཅོག་ནི་བསྟན་པ་གཅིག་པའི་མཆེད་དོ། །ལྟ་སྤྱོད་གཅིག་པ་ནི་མཐུན་པའི་མཆེད་དོ། །བླ་མ་གཅིག་པ་ནི་མཛེས་པའི་མཆེད་དོ། །ཆོས་ལྷན་ཅིག་ཏུ་ཉན་པ་ནི་ཉེ་བའི་མཆེད་དོ། །དབང་ལྷན་ཅིག་ཏུ་ཞུས་པ་ནི་འདྲིས་པའི་མཆེད་དེ་རྡོ་རྗེའི་སྤུན་ནོ། །ཞེས་གསུངས།
Domain ཆོས་ལུགས།