52221
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མཆོད་པ་བཅུ་བཞི་ནི། གསང་བ་སྙིང་པོའི་རྒྱུད་ཀྱི་སྒྲུབ་ཐབས་རྣམས་སུ་གྲགས་པའི་ཞི་བའི་མཆོད་པའི་རྣམ་གྲངས་སུ་གསུངས་ཏེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་བཟུང་ན། རྒྱུད་གཞུང་འདི་ཉིད་ནས། ཕྱག་རྒྱའི་མཆོད་པ་དང་། དུག་གསུམ་གྱི་མཆོད་པ། ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་དང་། གླུ་དང་ཡེ་ཤེས་ཀྱི་མཆོད་པ་ཙམ་ལས་གསལ་བར་མ་གསུངས་ཀྱང་། སྒྲུབ་ཐབས་སུ་ཡན་ལག་གི་རྒྱུད་དང་བཤད་པའི་རྒྱུད་རྣམས་ཀྱིས་ཁ་བསྐངས་ནས། ཞི་ཁྲོ་རེ་རེ་ལའང་བཅུ་བཞིའམ་བཅོ་ལྔར་གསུངས་ཏེ། ཞི་བ་ལ། གུས་པ་ཕྱག་གི ཕྱག་རྒྱ་གར་གྱི། ཀུན་ཏུ་བཟང་པོའི། ཕྱག་དང་ཞབས་བསིལ་གྱི། ལྷ་མོ་བཞི་བསྣོལ་གྱི། བདུད་རྩི་སྨན་གྱི། གཏོར་མའི། ལྷག་པ་ཏིང་ངེ་འཛིན་གྱི། ཞེ་སྡང་སྒྲོལ་བའི། འདོད་ཆགས་སྦྱོར་བའི། གཏི་མུག་དམ་རྫས་ཀྱི། གླུ་ཡེ་ཤེས་ཀྱི། གར་ཡེ་ཤེས་ཀྱི། རོལ་མོ་ཡེ་ཤེས་ཀྱི་མཆོད་པ་རྣམས་དང་། དེ་བཞིན་དུ་ཁྲོ་བོ་ལ་ཡང་། ཕྱག་དང་། ཕྱག་རྒྱ་དང་། ཀུན་བཟང་། ཞབས་བསིལ། བཞི་བསྣོལ། བདུད་རྩི་སྨན། བ་ལིང་རྒྱན་དང་། རཀྟ་ཚར་གསུམ་དང་། དུག་གསུམ་དང་། གླུ་དང་། གར་གྱི་མཆོད་པ་རྣམས་ཞི་ཁྲོའི་སྒྲུབ་ཐབས་བཞིན་ཤེས་པར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |