52263

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་རྣམ་མཁྱེན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། རྣམ་པ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་རྒྱུད་ལ་ལྡན་པའི་སངས་རྒྱས་འཕགས་པས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ། ས་མཚམས་ནི། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །རང་སྲས་སངས་རྒྱས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་རྣམ་མཁྱེན་གྱི་མཚན་ཉིད། དེ་ནི་རྣམ་མཁྱེན་ཙམ་ལ་བྱའོ། །དེ་ཡང་རྣམ་མཁྱེན་རྗེས་མཐུན་པས་ནི། སངས་རྒྱས་ཀྱི་བཞེད་དོན་བརྒྱུད་ནས་བསྒྲུབ་པར་བྱེད་ལ། རྣམ་མཁྱེན་མཚན་ཉིད་པས་ནི་དངོས་སུ་སྒྲུབ་པར་བྱེད་དོ། །སངས་རྒྱས་འཕགས་པའི་བཞེད་དོན་ནི་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །རྣམ་པ་སྐྱེ་མེད་དུ་རྟོགས་པ་མཐར་ཐུག་པའི་སྒོ་ནས་རང་སྲས་སངས་རྒྱས་འཕགས་པའི་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པའོ། །མཚན་གཞི་ནི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་མཁྱེན་པ་མཐའ་དག་གོ ། ཞེས་པཎ་ཆེན་ངག་ཆོས་ཀྱིས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།