52452

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཉན་ཡོད་ (1)
Part of speech མིང་ཚིག
Definition སྔ་དུས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག་ཅེས་གྲགས་པའི་ཡ་གྱལ་ཡིན་ལ། དེང་སྐབས་ཨུཏྟ་ར་པྲ་དེཤ་མངའ་སྡེའམ་བྱང་ཕྱོགས་མངའ་སྡེ་ཞེས་པའི་མངའ་སྡེ་དེའི་ནང་དུ་ཡོད། མཉན་ཡོད་དུ་སྟོན་པ་ལོ་ཉི་ཤུ་རྩ་ལྔའི་རིང་ལ་བཞུགས་པ་དང་། ལོ་ཉི་ཤུ་རྩ་གསུམ་གྱི་རིང་ལ་བཞུགས་པ་དང་། ལོ་ཉི་ཤུའི་རིང་ལ་བཞུགས་པ་བཅས་བཤད་ཚུལ་མི་མཐུན་པ་ཡོད། གནས་དེ་ནི་སྟོན་པ་བཞུགས་གནས་ཀུན་གྱི་ནང་ནས་གཙོ་བོ་ཡིན། སྟོན་པའི་མཆོག་ཟུང་དང་། འོད་སྲུང་ཆེན་པོ། འཆར་ཀ།རྟ་ཐུལ་སོགས་སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་དག་ཀྱང་གནས་འདིར་ཡུན་རིང་བཞུགས་པ་ཤ་སྟག་ཡིན། རྒྱལ་བྱེད་ཚལ་ནས་བྱང་དུ་བལྟས་ན་སོ་ཕག་གི་ལྕགས་རི་ཞིག་པོ་སྒང་བརྒྱུད་ལྟ་བུ་མཐོང་བ་དེ་མཉན་ཡོད་དུ་ཡོད་པའི་གྲོང་ཁྱེར་གྱི་ཤུལ་ཡིན་ཞིང་། སྒྲ་བཤད་ནི། དྲང་སྲོང་མཉན་པ་དང་། ཡོད་པ་གཉིས་ཀྱིས་བརྩིགས་པའི་གྲོང་ཁྱེར་ཡིན་པས་མཉན་ཡོད་ཅེས་བཏགས་པར། འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས་གསུངས་སོ། །