52456

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཉན་ཡོད་བྱ་རྒོད་གཤོངས་ (1)
Part of speech མིང་ཚིག
Definition མཚན་གཞན་ཡང། ཐུབ་བསྟན་མཉན་ཡོད་བྱ་རྒོད་གཤོངས་ནི། པཎ་ཆེན་འབུམ་ཕྲག་གསུམ་པས། རབ་བྱུང་བརྒྱད་པའི་ས་མོ་བྱ། ཕྱི་ལོ་ ༡༤༨༩ ལོར་ཕྱག་བཏབ། འདི་ནི་མཚན་ཉིད་ཀྱི་རིང་ལུགས་འཛིན་པ་ཆེ་ཤོས་ཤིག་ཡིན། འདུ་ཁང་ཀ་བ་བཅུ་དྲུག་པའི་སྦུག་ན་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། མཁན་ཆེན་ལྕགས་ཐང་པ། ཀླུ་སྒྲུབ་རྒྱ་མཚོ་རྣམས་ཀྱི་འདྲ་སྐུ་མི་ཚད་རེ། གཙང་ཁང་ནང་ཐུབ་པ་མི་ཚད་གཉིས། ཆོས་འཐོར། མགོན་ཁང་དུ་གུར་སོགས། པཎྜི་ཏ་གོང་མ་རྣམས་ཀྱི་ཕྱག་དཔེ་ལྕགས་སྨྱུག་གིས་བྲིས་པ་མཚན་ཉིད་སྐོར་པོད་བརྒྱ་ཙམ་ཡོད་ཀྱང་འཐོར། དབྱར་མཚན་ཉིད་ཡོད། གཡོན་ངོས་སྟེང་དུ་ཚེས་བཅུ་ལྷ་ཁང་དུ་ཨུ་རྒྱན་འཇིམ་སྐུ་གཙོ་འཁོར་གསུམ་མི་ཚད་སོགས། ཤར་དུ་ཡང་འདུལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་བཞུགས་པ་རྒྱལ་སྲས་མུ་ཏིག་བཙད་པོས་བཞེངས་པ། ཐུགས་ཆེན་ཕྱག་བཞི་པ་དང་། ཐུབ་པ། སྒྲོལ་མ་སོགས་གཡུ་ཕིབ་ཅན། འོག་ན་འོད་དཔག་མེད་སྐུ་ཆེན་པོ། རྣམ་སྲས་བྱིན་ཆེན་ཡོད་པའི་མགོན་ཁང་། འདིར་བྷ་ཏ་ཧོར་བཅོམ་དུས་མུ་ཏིག་བཙད་པོའི་ཕྱག་དར་བྲིས་སྐུ་ནང་ན་ཡོད་པ་དང་། མངའ་བདག་ཉང་ཞབས་ལྷམ། སྟེང་ན་གནས་བཅུ་བང་རིམ་གསར་བཞེངས་དོད་ཙམ། སྒྲོལ་སྐུ་རྙིང་པ་ཉེར་གཅིག་གི་ལྷ་ཁང་། དགེ་འདུན་ཞལ་གྲངས་སུམ་བཅུ་ཙམ་བཅས་བཞུགས་སོ། །