From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཉམ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
ཞལ་བ་ནང་བཞིན་ངོས་བདེ་ཞིང་སྙོམས་པོ་ཡིན་པའི་དོན།
|
| Example
|
ལག་མཐིལ་ལྟར་མཉམ་དབྱར་གྱི་ནེའུ་གསིང་དུ། །གཡང་དཀར་ལུག་ཁྱུ་སྤྲིན་ཚོམ་བརྡལ་བ་འདྲ། །ལྟ་བུ།
|
མཉམ་ (1)
| Part of speech
|
བྱ་ཚིག
|
| Definition
|
གཅིག་པའམ་འདྲ་འདྲ་ཆགས་པའི་དོན།
|
| Keyword
|
True
|
| Example
|
མཐོ་དམན་འདྲ་མཉམ། རིང་ཐུང་མཉམ་པ་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|
མཉམ་ (1)
| Part of speech
|
བསྣན་ཚིག
|
| Definition
|
མཉམ་དུ་ཞེས་པའི་ཚིག་བསྡུས་པ།
|
| Example
|
མཉམ་དུ་འགྲོ་དང་མཉམ་དུ་འདུག་ཅེས་པ་ལ། མཉམ་འགྲོ་མཉམ་འདུག་ཅེས་པ་ལྟ་བུ།
|
མཉམ་ (1)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་དང་པོའི་བརྒྱད་པ་དཔེ་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།
|
| Example
|
རྒྱལ་དབང་ལྔ་པས། མཚོ་ལྡན་སྐུ་སྟོད་འདོད་པའི་མྱོས་བུམ་གྱིས། །མཛེས་པ་མཁའ་ལ་སྤྲིན་དཀར་གཡོ་དང་མཉམ། །ཞེས་པ་ལྟ་བུ།
|
| Domain
|
རྩོམ་རིག
|
མཉམ་ (2)
| Part of speech
|
མཚུངས་ཚིག
|
| Definition
|
མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་ནང་གསེས་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཤིག་ཡིན།
|
| Example
|
ཁམས་འབྲུག་སྤྲུལ་གྱིས། བསོད་ནམས་ཚོགས་ནི་གྲངས་མེད་པ། །གངྒཱའི་ཀླུང་གི་བྱེ་མར་མཉམ། །ཞེས་པ་ལྟ་བུ།
|