52491

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཉམ་པ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཉམ་པ་བཞི་ནི། ཐུན་མོང་གི་མཉམ་པ་གཉིས་དང་། ལྷག་པའི་མཉམ་པ་གཉིས་བཅས་བཞི་སྟེ། དཀོན་ཅོག་འགྲེལ་ལས། མཉམ་པ་གཉིས་ནི་དོན་དམ་པར་མ་སྐྱེས་པར་མཚུངས་པ་དང་། ཀུན་རྫོབ་ཏུ་སྒྱུ་མར་མཉམ་པ་ནི་ཐེག་པ་ཆེན་པོ་ཐུན་མོང་གི་ཚུལ་ལོ། །ལྷག་པ་མཉམ་པ་གཉིས་ནི་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་མཉམ་པ་དང་། རྣམ་པར་ཤེས་པ་ཡེ་ཤེས་སུ་མཉམ་པ་སྟེ། མཉམ་པ་རྣམ་པ་བཞིའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་མཉམ་ཞིང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་མཉམ་པ་གཉིས་དང་། ཕུང་པོ་ལྔ་སངས་རྒྱས་སུ་མཉམ་པ་དང་། རྣམ་ཤེས་བརྒྱད་ཡེ་ཤེས་སུ་མཉམ་པ་སྟེ། ལྷག་པའི་མཉམ་པ་གཉིས་ཀྱིས་ཆོས་ཐམས་ཅད་བཟང་ངན་བླང་དོར་མེད་པའི་དཀྱིལ་འཁོར་ཏེ། ཞེས་གསུངས།
Domain ལྟ་གྲུབ།