52521

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:39, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་ (1)
Part of speech མིང་ཚིག
Definition མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་མཆོག་ནི། འཇམ་དབྱངས་བློ་གྲོས་སེངྒེའི་སློབ་མ་ཡིན། (བློ་གྲོས་སེངྒེའི་འཁྲུངས་ལོ། རབ་བྱུང་དྲུག་པའི་ཤིང་བྱ་ ༡༣༤༥ ལོར་ཡིན) མཚན་གཞན་ཡེ་ཤེས་རྒྱལ་མཚན་ནམ། དམ་པ་སྔོ་ཉལ་མ་ཟེར། ཐོག་མར་ཇོ་ནང་ཕྱོགས་རྒྱལ་བའི་སློབ་མ་དུས་འཁོར་ལ་མཁས་ཤིང་། ཉམས་མཐར་ཕྱིན་པ་ཞིག་འཇམ་དབྱངས་བློ་གྲོས་སེངྒེའི་ཞབས་ལ་གཏུག་པས། རྟོགས་པའི་ཡེ་ཤེས་འཁྲུངས། འཇའ་ལུས་གྲུབ་ནས་སྐུ་ལུས་མ་སྤངས་པར་ཧ་བོའི་གངས་ལ། གནོད་སྦྱིན་གང་བ་བཟང་པོའི་མཆོད་གནས་ཀྱི་ཚུལ་དུ་བཞུགས་པ་ཡིན། དེ་ལ་ཞལ་སློབ་གྲུབ་ཆེན་བློ་གྲོས་མཆོག་ལྡན་དང༌། དཀོན་མཆོག་བསམ་གྲུབ། མཁས་གྲུབ་ལེགས་པ་རིན་ཆེན་གསུམ་བྱོན་ནོ། འབྲུག་སྐོར་གྱི་ཁྲིད་གདམས་ངག་ཕལ་ཆེར་འདི་དག་ནས་བརྒྱུད་དགོས་ཀྱང་རྣམ་ཐར་ཞིབ་པ་སྔར་མ་མཐོང་ངོ༌།