53202

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:41, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཐོང་སྤང་ཉོན་སྒྲིབ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཉོན་སྒྲིབ་གང་ཞིག སྤང་བྱ་ཀུན་བརྟགས་ཀྱིས་བསྡུས་པ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། །དེ་མངོན་གྱུར་བ་དང༌། དེའི་ས་བོན་གཉིས། མཐོང་སྤང་ཉོན་སྒྲིབ་གང་ཞིག རང་གི་དམིགས་རྣམ་འཛིན་པའི་བློར་དམིགས་པ། དང་པོའི་མཚན་ཉིད། དེ་ལ་ལོག་ཞུགས་ཀྱི་སྒོ་ནས་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་བ་མ་ཡིན་པ་ལྔ༌། འཇིག་ལྟ། མཐར་ལྟ། ལྟ་བ་མཆོག་འཛིན་གྱི་ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ། ལོག་ལྟ་དང་ལྔ་སྟེ་བཅུ་ཡོད། འདོད་པའི་སས་བསྡུས་ཀྱི་དབང་དུ་བྱས་ན། སྡུག་བསྔལ་མཐོང་སྤང་ཉོན་སྒྲིབ་མངོན་གྱུར་བ་བཅུ། དེ་བཞིན་དུ། ཀུན་འབྱུང༌། འགོག་པ། ལམ་མཐོང་སྤོང་མངོན་གྱུར་བ་བཅུ་སྟེ་བཞི་བཅུ། གཟུགས་ཀྱི་སས་བསྡུས་ཀྱི་ཁོང་ཁྲོ་མ་གཏོགས་པ་བདེན་པ་རེ་རེ་ལ་དགུ་དགུར་ཕྱེ་བའི་སུམ་ཅུ་སོ་དྲུག གཟུགས་མེད་ཀྱི་སས་བསྡུས་ལ་ཡང་དེ་བཞིན་དུ་ཕྱེ་བའི་སུམ་ཅུ་རྩ་དྲུག་སྟེ། ཀུན་དྲིལ་བའི་བརྒྱ་དང་བཅུ་གཉིས་ཡོད་པར་མངོན་པ་ཀུན་བཏུས་ལས་བཤད་པ་ལྟར་ཁས་བླང་ངོ༌། །གཏན་ལ་དབབ་པ་བསྡུ་བ་ལས། འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་ཉོན་མོངས་བཅུ། ཀུན་འབྱུང༌། འགོག་པ། ལམ་མཐོང་སྤང་ཉོན་སྒྲིབ་གསུམ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པའི་བརྒྱད་བརྒྱད་དུ་ཕྱེ་བའི་སུམ་ཅུ་སོ་བཞི། །གཟུགས་ཀྱི་སས་བསྡུས་ཀྱི་ཁོང་ཁྲོ་མ་གཏོགས་པའི་སྡུག་བསྔལ་མཐོང་སྤང་ཉོན་སྒྲིབ་དགུ། ཀུན་འབྱུང༌། འགོག་པ། ལམ་མཐོང་སྤང་ཉོན་སྒྲིབ་རྣམས་ལ་ཁོང་ཁྲོ་དང་ལྟ་བ་དང་པོ་གཉིས་མ་གཏོགས་པའི་བདུན་བདུན་དུ་ཕྱེ་བའི་སུམ་ཅུ། གཟུགས་མེད་ཀྱི་སས་བསྡུས་ལའང་དེ་ལྟར་ཕྱེ་བས་དགུ་བཅུ་རྩ་བཞིར་ཡོད་པར་བཤད་དོ། །མཛོད་ལས། འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་ཉོན་སྒྲིབ་བཅུ། ཀུན་འབྱུང་དང༌། འགོག་པ་མཐོང་སྤང་ཉོན་སྒྲིབ་གཉིས་ལ་ལྟ་བ་དང་པོ་གཉིས་དང་བཞི་པ་མ་གཏོགས་པའི་བདུན་བདུན། ལྟ་བ་དང་པོ་གཉིས་མ་གཏོགས་པའི་ལམ་མཐོང་སྤང་ཉོན་སྒྲིབ་བརྒྱད། གཟུགས་ཀྱི་སས་བསྡུས་ཀྱི་ཁོང་ཁྲོ་མ་གཏོགས་པའི་སྡུག་བསྔལ་མཐོང་སྤང་ཉོན་སྒྲིབ་དགུ། བར་པ་གཉིས་ལ། ཁོང་ཁྲོ་དང་ལྟ་བ་དང་པོ་གཉིས་དང་བཞི་པ་མ་གཏོགས་པའི་དྲུག་དྲུག ལམ་མཐོང་སྤང་ཉོན་སྒྲིབ་ལ་ཁོང་ཁྲོ་དང་ལྟ་བ་དང་པོ་གཉིས་མ་གཏོགས་པའི་བདུན་ཕྱེ་བའི་ཉེར་བརྒྱད། གཟུགས་མེད་སས་བསྡུས་ལའང་དེ་བཞིན་དུ་ཕྱེ་བའི་ཉེར་བརྒྱད། ཀུན་དྲིལ་བའི་བརྒྱད་ཅུ་གྱ་བརྒྱད་ཡོད་པར་བཤད་དོ། །མཐོང་སྤང་ཉོན་སྒྲིབ་ཀྱི་ས་བོན་ནི། རང་གི་དམིགས་རྣམ་མི་འཛིན་པའི་རང་གི་འབྲས་བུར་གྱུར་པའི་མཐོང་སྤང་ཉོན་སྒྲིབ་མངོན་གྱུར་བའི་རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ཀྱི་ཆ་ལ་འཇོག་གོ །
Domain ཆོས་ལུགས།

{{#arraymap:མཐོང་སྤང་ཉོན་སྒྲིབ་

|; |@@@ | | }}

མཐོང་སྤང་ཉོན་སྒྲིབ་ (2)
Part of speech མིང་ཚིག
Definition མཐོང་སྤང་གྱུར་པའི་ཤེས་སྒྲིབ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ཤེས་སྒྲིབ་སྤོང་ཚུལ་ནི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་མཐོང་སྤང་ཤེས་སྒྲིབ་སྤོང་ཞིང༌། དེར་མ་ཟད་སྦྱིན་པའི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང༌། ས་དང་པོ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང་བ་ནས་དང་པོའི་ཐ་མའི་བར་ཆད་མེད་ལམ་གྱིས་ས་དང་པོའི་ངོས་སྐལ་གྱི་གཉིས་སྣང་འཁྲུལ་པའི་བག་ཆགས་ལས་གཞན་པའི་ཤེས་སྒྲིབ་ཅིག་སྤོང་བ་ནས། ས་བདུན་པའི་ཐོག་མའི་བར་ཆད་མེད་ལམ་གྱིས་ཐབས་མཁས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལྷག་པར་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ། ས་བདུན་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ། ཡོན་ཏན་ཁྲི་ཕྲག་འབུམ་ཕྲག་བཅུ་གཉིས་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤོང༌། ཞེས་གསུངས།

{{#arraymap:མཐོང་སྤང་ཉོན་སྒྲིབ་

|; |@@@ | | }}