From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཐོང་སྤང་འཇུག་པ་གཟུང་རྟོག་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། མཐོང་སྤང་བདེན་འཛིན་ཀུན་བཏགས་བཞིའི་ནང་ཚན་ཞིག དེའི་ངོ་བོ་ནི། ཕར་ཕྱིན་སྤྱི་དོན་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་བྱང་སེམས་ལམ་གྱི་འཇུག་བྱའི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་བདེན་འཛིན་ཀུན་བརྟགས་དེ། དེའི་ངོ་བོ་ཡིན་པའི་ཕྱིར། ཞེས་གསུངས།
|
| Domain
|
ཆོས་ལུགས།
|
མཐོང་སྤང་འཇུག་པ་གཟུང་རྟོག་ (2)
| Part of speech
|
མིང་ཚིག
|
| Definition
|
ཕར་ཕྱིན། མཚན་ཉིད་ནི། མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་ཐེག་ཆེན་གྱི་ཆོས་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །ངོ་བོ་ཉིད་ལ་སོགས་པ་ཡུལ་དགུ་ལ་འཇུག་བྱར་ཞེན་པའི་བློ་དེ། འཇུག་པའི་ཕྱོགས་ཀྱི་གཟུང་བར་རྣམ་པར་རྟོག་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཆོས་ལེན་པར་འདོད་པའི་སྒོ་ནས་འཇུག་བྱར་གཟུང་བའོ་ཞེས་རྟོག་པའི་བློ་ཡིན་པས་སོ། །རྟོག་པ་དེ། མཐོང་ལམ་རྩེ་སྦྱོར་གྱི་མི་མཐུན་ཕྱོགས་སུ་གྱུར་པ་ཡིན་ཏེ། དེ་སྐྱེ་བའི་གེགས་བྱེད་པའི་ཕྱིར་མཐོང་སྤངས་ཉོན་མོངས་པ་དང་འདྲ་བར་རོ། །དབྱེ་ན། རྣམ་པ་དགུ་ཡོད་དེ། ཡུལ་དགུ་ཡོད་པའི་དབྱེ་བས་སོ། །རྟོག་པར་འཇོག་པའི་རྒྱུ་ནི། ཡུལ་གྱི་གནས་ཚུལ་ཇི་ལྟ་བ་བཞིན་མ་ཡིན་པར་འཛིན་པའི་རང་གི་ངོ་བོ་དག་ཏུ་ཤེས་པར་བྱའོ། །ཡུལ་གྱི་གནས་ཚུལ་ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱིར་ཏེ། ཡུལ་གྱིས་དངོས་པོ་དང་མ་འབྲེལ་བར་འཇུག་པ་ཉིད་ཀྱིས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། རྟོག་པ་ཀུན་བཏགས་གང་ཞིག དམིགས་ཡུལ་ཐེག་ཆེན་གྱི་ཆོས་ལ་དམིགས་ནས་འཇུག་བྱར་ཞེན་པའི་བློ་དེ། མཐོང་སྤང་དུ་གྱུར་པའི་འཇུག་པ་གཟུང་རྟོག་གི་མཚན་ཉིད། དབྱེ་ན་དགུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། མཚན་གཞི་ནི། བྱང་སེམས་ལམ་གྱི་ངོ་བོ་ཕྱིན་དྲུག་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ལྟ་བུ་དང། ཕྱི་མ་བརྒྱད་ཀྱི་མཚན་གཞི་ཡང། གནས་སྐབས་སངས་རྒྱས་སུ་རིགས་ངེས་པ་སོགས་དེ་དང་དེ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ་ལྟ་བུའོ། །བསྡུས་ན་གཉིས་སུ་འདུས་ཏེ། དང་པོ་ལྔ་ནི། བྱང་སེམས་ཀྱི་ལམ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པ་དང། ཕྱི་མ་བཞི་ནི། བྱང་སེམས་ལམ་གྱི་འབྲས་བུ་ལ་དམིགས་ནས་བླང་བྱའི་གཟུང་བར་མངོན་པར་ཞེན་པ་ཡིན་པའི་ཕྱིར། འདིར་བསྟན་འཇུག་པ་གཟུང་རྟོག་ཡིན་ན། སྐབས་དང་པོའི་དངོས་བསྟན་གྱི་གཉེན་པོའི་རྟེན་ཅན་གྱི་གཟུང་རྟོག་ཡིན་པས་ཁྱབ་ལ། སྐབས་དང་པོའི་དངོས་བསྟན་གྱི་དེ་ཡིན་ན། འདིར་བསྟན་འཇུག་པ་གཟུང་རྟོག་ཡིན་པས་མ་ཁྱབ་བོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
|