53528

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མདོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཨ་ནུ་ཡོ་གའི་རྒྱུད་ལ་ལུང་དང་མདོ་གཉིས་སུ་བཞུགས་པའི་ཡ་གྱལ་མདོ་ལ་ནང་གསེས་ལྔར་དབྱེ་བ་སྟེ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ། ཀུན་འདུས་རིག་པའི་མདོ། མདོ་དགོངས་པ་འདུས་པ། སེམས་ལུང་ཆེན་པོའི་མདོ་དང་ལྔའོ། །དེའང་ཐེག་མཆོག་མཛོད་ལས། མདོ་ནི། སྒྱུ་འཕྲུལ་གཞི་ལམ་ལས་ཁྱད་པར་དུ་གྱུར་པ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལྔ་པ་གཞི་ལམ་རྣམ་དག་ཏུ་སྨྲ་བ་དང༌། ཕུར་བུ་ཐལ་འབྱིན་གྱི་དོན་ངེས་པར་མཚོན་པ་དུར་ཁྲོད་ཁུ་བྱུག་རོལ་པ་ཡེ་ཤེས་ཐོད་རྒལ་དུ་སྨྲ་བ་དང༌། དཔལ་ཆེན་པོ་ཕྱག་རྒྱ་ཡང་དག་པ་ལས་ཁྱད་པར་དུ་འཕགས་པ་ཀུན་འདུས་རིག་པའི་མདོ་ཡང་དག་པ་ལམ་གྱུར་དབྱིངས་སུ་སྨྲ་བ་དང༌། ཨ་ནུའི་རང་གཞུང་མངོན་པར་རྟོགས་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་དབྱིངས་ཡེ་ཤེས་གཉིས་མེད་དུ་སྨྲ་བ་དང༌། སེམས་དང་ཡེ་ཤེས་ཀྱི་མཚན་ལས་ཁྱད་པར་དུ། སེམས་ལུང་ཆེན་པོ་ཡི་གེ་རྣམ་དག་གི་མདོ། དབྱིངས་དང་ཡེ་ཤེས་ཅིག་ཆར་དང༌། རིམ་གྱིས་དང༌། ཐར་ཆགས་དང༌། ཐོད་རྒལ་དུ་སྨྲ་བ་དང་ལྔའོ། །ཞེས་གསུངས།
Domain ཆོས་ལུགས།