53576

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མདོ་སྡེ་སྤྱོད་པའི་དབུ་མ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ལེགས་ལྡན་འབྱེད་དེ། ཕྱི་དོན་དབང་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་གསུངས་པའི་ཕྱིར། འདི་ནི་སྔར་མདོ་སྡེ་པའི་རྟོག་གེ་ལ་ལེགས་པར་སྦྱངས་པ་ཞིག་ཕྱིས་དབུ་མ་ལ་ཞུགས་པར་སྣང་བས་ཀུན་རྫོབ་ཀྱི་རྣམ་གཞག་ལ་དེའི་འགྲེས་ཤོར་བ་མང་དུ་སྣང་ངོ་། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མ་སྤྱི་དོན་ལས་གསུངས་སོ། །
མདོ་སྡེ་སྤྱོད་པའི་དབུ་མ་པ་ (2)
Part of speech མིང་ཚིག
Definition དབུ་མ་པ་ལུགས་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ། ཇོ་ནང་མ་ཏི་པཎ་ཆེན་གྱི་དངོས་སློབ་བཙུན་པ་འཇམ་དཔལ་གྲགས་པས་མཛད་པའི་བཀའ་བསྡུ་ལྔ་བ་ལས། མཐར་ཐུག་དབུ་མ་ཆེན་པོ་ཁས་ལེན་པ་ལ། ཐ་སྙད་དུ་མདོ་སྡེ་བའི་རྣམ་གཞག་ལྟར་བྱེད་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་པ། ཞེས་བྱུང་།
མདོ་སྡེ་སྤྱོད་པའི་དབུ་མ་པ་ (3)
Part of speech མིང་ཚིག
Definition སློབ་དཔོན་ལེགས་ལྡན་གྱིས་སྲོལ་ཕྱེ་བའི་ཕྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་སྨྲ་བ།