53709
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་ལ་བསྙེན་པའི་སྐབས་ཀྱི་སྤང་བྱའི་གྲོགས་ཤིག་སྟེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སྒེར་བུ་རང་མཐོང་གཡག་རྐེ་ནི། མན་ངག་ཤོད་འདེབས་སློབ་མ་སྟེ། འགལ་རྐྱེན་བར་ཆོད་བྱེད་པ་སྤང། ཞེེས་གསུངས་པས། དེ་ཡང་སྒེར་སེམས་རང་འདོད་ཅན་གཡག་གི་རྐེ་ཤེད་ལྟ་བུ་གཞན་གྱིས་བཅོས་བསྒྱུར་དཀའ་ཞིང་། དཔོན་གསས་དམ་པའི་གདམས་པ་དང་མན་ངག་ལ་དམོད་པའམ་སྐུར་འདེབས་བྱེད་པའི་སློབ་མ་སྟེ། དེ་ཉིད་ཀྱིས་འགལ་རྐྱེན་གྱི་བར་ཆོད་བྱེད་པས་སྤང་བྱར་བསྟན་ཏོ། ། |
Domain | ཆོས་ལུགས། |
{{#arraymap:མན་ངག་ཤོད་འདེབས་སློབ་མ་
|; |@@@ | | }}