53899

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:42, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་ཉིད་ཅི་འདྲ་བའི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་ཕ་མ་གང་རུང་གི་རྟེན་ལ་སྦྱོར་བ་བྱས་ནས་མཚན་གྱུར་པའི་རྟེན་ལ་མཐར་ཐུག་གྲུབ་ན་དངོས་གཞི་རྫོགས་པའི་ལྟུང་བ་ཞིག་ལ་ཟེར། དེའི་གྲངས་འདྲེན་དང་དོགས་གཅོད་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཡོད་དེ། ཕམ་བཞི་སྨྱན་དང་སྐུར་འདེབས་གཉིས། འཆང་འཇོག་སློང་དང་སློང་རིགས་དང་། སྤགས་པ་སོ་སོར་བསྐུར་དང་གསེར། མངོན་མཚན་ཉོན་ཚོང་ལྷུང་བཟེད་འཚོལ། །འཐག་གཉིས་རྫུན་འདོན་བླ་མ་བདེན། །ས་བོན་འདེབས་དང་རིམ་ལྷག་དང་། །འདུག་གནས་ཕྱེ་དང་དུས་མིན་དང་། །ཁ་ནས་མིད་དང་སྲོག་ཆགས་བཅས། །གཅེར་བུ་དམག་གསུམ་མེ་ནུབ་ལྷག ། ཁ་དོག་ལོངས་པ་ཚ་བའི་དུས། །དུད་འགྲོ་རྩེ་སྦེད་གཞི་མེད་དང་། །རྐུ་དང་བརྐོ་དང་འགྲོན་དང་ཆང་། །དུས་མིན་དུས་མིན་སྐྱ་རེངས་དང་། །ཁབ་རལ་གདིང་གཡན་བདེ་གཤེགས་གོས། །དེ་ལྟར་ལྔ་བཅུ་རྩ་ལྔའོ། །ཞེས་པ་རྣམས་ཡིན་པའི་ཕྱིར། དེ་ཡང་ལྷུང་བཟེད་འཚོལ་བའི་སྤང་ལྟུང་དེ་ལྟུང་བ་ལྔ་བཅུ་རྩ་ལྔའི་ཡ་གྱལ་ཡིན་མོད། དེ་ཡིན་ན། མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཡིན་པས་ནི་མ་ཁྱབ་སྟེ། དགེ་སློང་མས་ལྷུང་བཟེད་ཕུལ་དགུ་ཤོང་བ་ལས་ཆུང་བ་བཙལ་བའི་སྤང་བ་དང་། དགེ་སློང་གིས་ཕུལ་དགུ་ལས་ལྷག་པ་ཤོང་བ་བཙལ་བའི་སྤང་ལྟུང་གཉིས་མཚན་ཉིད་ཅི་འདྲ་བའི་ལྟུང་བ་མ་ཡིན་པའི་ཕྱིར། དེར་ཐལ། མཚན་གྱུར་པ་ན་ལྟུང་བ་དངོས་གཞི་སོ་ན་མི་གནས་པའི་ཕྱིར། མི་ཚངས་སྤྱོད་ཀྱི་ཕམ་པ་ཡིན་ནའང་། མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཡིན་པས་མ་ཁྱབ་སྟེ། དགེ་སློང་ཕའི་རྟེན་ལ་རང་གཞན་གྱི་རྨའི་སྒོར་མི་ཚངས་པར་སྤྱོད་པའི་ལྟུང་བ་དེ་དེ་མ་ཡིན་པའི་ཕྱིར་ཏེ། དེས་དེ་སྤྱོད་བཞིན་པའི་ཚེ་མཚན་གྱུར་ན་ལྟུང་བ་སོ་ན་མི་གནས་པའི་ཕྱིར། འོ་ན་དགེ་སློང་གི་རྟེན་ལ་མཚན་ཉིད་ཅི་འདྲ་བའི་མི་ཚངས་སྤྱོད་ཀྱི་ལྟུང་བ་མེད་པར་ཐལ། ཞེ་ན་ཡོད་དེ། རང་གི་རྨའི་སྒོར་བརྩལ་བ་དང་དུ་བླངས་པ་ལ་དགོངས་པའི་ཕྱིར། ལྔ་བཅུ་རྩ་ལྔ་པོ་དེ་ལ་མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དགེ་སློང་ཕ་མ་གཉིས་ཀའི་རྟེན་ལ་མཉམ་པོར་བཅས་ཞིང་མཚན་གྱུར་ཀྱང་སྔ་མའི་རྟེན་ལ་བྱུང་བའི་ལྟུང་བ་དང་མཚན་ཉིད་འདྲ་བ་སོ་ན་གནས་འོང་བས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཚན་ཉིད་ཅི་འདྲ་བའི་ལྟུང་བ་

|; |@@@ | | }}