53912

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་ཉིད་མེད་པའི་ཆོས་འཁོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དགོངས་འགྲེལ་ལས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་ཡང་ཡིན། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་སྟོང་ཉིད་སྟོན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མདོར་དམིགས་པ། མཚན་གཞི་ནི། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའོ། །
Domain ཆོས་ལུགས།
མཚན་ཉིད་མེད་པའི་ཆོས་འཁོར་ (2)
Part of speech མིང་ཚིག
Definition ངོ་བོ་ནི། ངོ་བོ་ཉིད་མེད་པ་གསུམ་རྟོགས་པའི་རྟོགས་པ་འཁོར་བཅས། དེ་སྟོན་པའི་ཆོས་ཀྱི་ཕུང་པོ་ནི། ཆོས་ཐམས་ཅད་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་དུ་ཕྱེ་ནས་དངོས་སུ་གསལ་བར་སྟོན་པའི་ཆོས་མངོན་པའི་མདོ་རྣམས་སོ། །ཞེས་གཡག་སྟོན་གྱི་ཤེར་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །མཚན་ཉིད་ནི། རྣམ་ཐར་སྒོ་གསུམ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེའོ། །དབྱེ་ན་གསུམ་སྟེ། བཀའ་དང་པོ་རྣམ་ཐར་སྒོ་གསུམ་བརྗོད་བྱའི་གཙོ་བོར་སྟོན་པའི་འདུལ་བ་ལུང་གི་ཆ་ཤས་འགའ་ཤས་ལྟ་བུ། བར་པ་ཤེར་ཕྱིན་གྱི་མདོ་ལྟ་བུ། ཐ་མ་སྟོང་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་ཐ་མའི་ཆ་ཤས་འགའ་ཞིག་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །