53915

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བདེན་འཛིན་གྱི་མཚན་མ་ཟད་པའི་སྟོབས་ཀྱིས་ཤེས་སྒྲིབ་ཕྲ་མོའི་དངོས་གཉེན་དུ་གྱུར་པའི་བྱང་སེམས་ཀྱི་རྒྱུན་མཐའི་སྦྱོར་བ་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད། ཅེས་གསུངས།
Domain ཆོས་ལུགས།
མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །ས་མཚམས་ནི། རྒྱུན་མཐའ་ཁོ་ནར་ཡོད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །རྟོགས་ཚུལ་གྱི་སྒོ་ནས་དབྱེ་བའི་མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་ནི། ཡེ་ཤེས་སྐད་ཅིག་མ་གཅིག་གིས་འཁོར་འདས་ཀྱི་ཆོས་རྣམས་མཚན་ཉིད་མེད་པ་རྟོགས་པའོ། །ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་གཅིག་གིས་རྟོགས་ཞེས་པ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །བློ་སྐད་ཅིག་མ་གཅིག་གིས་དུས་སྐད་ཅིག་མ་གཅིག་ལ་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་ (3)
Part of speech མིང་ཚིག
Definition སྟོང་ཉིད་མངོན་སུམ་གྱིས་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག མཚན་ཉིད་མེད་པའི་སྐད་ཅིག་སྦྱོར་གྱི་མཚན་ཉིད་ཡིན།