53981

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚན་མ་མེད་པའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཏིང་ངེ་འཛིན་གསུམ་གྱི་ནང་གསེས་ཤིག་སྟེ། འགོག་བདེན་གྱི་རྣམ་པ་བཞི་གང་རུང་ལ་དམིགས་པའི་སྙོམས་འཇུག་དག་པ་བ་དང་ཟག་མེད་གང་རུང་གི་ཏིང་ངེ་འཛིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། མཚན་མ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གསུངས་པ་ཇི་ལྟར་ཞེ་ན། མཚན་མ་མེད་པ་ཞེས་པ་ནི་མྱང་འདས་སོ་སོར་བརྟགས་འགོག་ལྟ་བུ་ལ་བྱེད་པ་སྟེ། དེ་ནི་གཟུགས་སོགས་ཡུལ་ལྔ་དང༌། ཕོ་མོ་དང༌། འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ་བཅུ་དང་བྲལ་བས་ན་མཚན་མེད་ཞེས་བྱ་བ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ། འགོག་པ་ཞི་བ་སོགས་ཀྱི་རྣམ་པ་ཅན་ནོ། །ཞེས་གསུངས། དེ་ལ་དབྱེ་ན། ཟག་བཅས་ཀྱི་མཚན་མ་མེད་པའི་ཏིང་ངེ་འཛིན་དང་། ཟག་མེད་ཀྱི་མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ཡོད་དེ། མཆིམས་མཛོད་ལས། ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་ཟག་བཅས་འཇིག་རྟེན་པ་དག་པ་པ་དང༌། (དེ་ཡང་ངེས་འབྱེད་ཆ་མཐུན་དང་འཕགས་ལམ་གྱི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་ལ།) འཇིག་རྟེན་ལས་འདས་པ་དྲི་མ་མེད་པ་གཉིས་ཡིན་ལ། ཞེས་གསུངས།
Domain ཆོས་ལུགས།
མཚན་མ་མེད་པའི་ཏིང་ངེ་འཛིན་ (2)
Part of speech མིང་ཚིག
Definition ཏིང་ངེ་འཛིན་རྣམས་ལམ་གྱི་སྒོ་ནས་རྣམ་པ་གསུམ་དུ་དབྱེ་བའི་ནང་གསེས་ཤིག་སྟེ། ཡུལ་མྱང་འདས་སོ་སོར་བརྟགས་འགོག་ནི་ཡུལ་ལྔ་དང་ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ་བཅུ་དང་བྲལ་བས་མཚན་མ་མེད་པ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡིན་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ནོ། །དེ་ནི་མཚན་མ་ཐམས་ཅད་ཞི་བ་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པའོ། །གཞན་སློབ་དཔོན་ཐོགས་མེད་དང་སེང་གེ་བཟང་པོ་ལ་སོགས་པས་ནི། མཚན་མ་མེད་པ་ནི་ཞི་བའི་ངོ་བོ་ཡིན་པའི་ཕྱིར་འགོག་ལམ་གྱི་རྣམ་པ་བརྒྱད་དོ་ཞེས་གསུངས།
མཚན་མ་མེད་པའི་ཏིང་ངེ་འཛིན་ (3)
Part of speech མིང་ཚིག
Definition ཡུལ་མྱང་འདས་སོ་སོར་བརྟགས་འགོག་ནི་ཡུལ་ལྔ་དང་ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་གསུམ་མམ་བཞིའི་མཚན་མ་དང་བྲལ་བས་མཚན་མེད་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ཡིན་པས་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་མཚན་མ་ཐམས་ཅད་ཞི་བ་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། མཚན་མ་བཅུ་དང་བྲལ་བའི་མྱ་ངན་ལས་འདས་པ་ལ་དམིགས་ནས་འགོག་པའི་རྣམ་པ་བཞི་པོ་གང་རུང་དང་ལྡན་པའི་ཏིང་ངེ་འཛིན་ཏོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །