53999
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇི་ལྟར་འབྲེལ་བའི་ཚུལ་ནི། མཚན་མཚོན་རང་བཞིན་འབྲེལ་བ་ཡིན། མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ། །ཞེས་པ་ལྟར། སེལ་ངོའི་དོན་བྱེད་ནུས་པ་དང་། སེལ་ངོའི་དངོས་པོ་ལྟ་བུ་རང་བཞིན་འབྲེལ་བ་ཡིན་ཞེས་བྱ་སྟེ། དོན་བྱེད་ནུས་པ་ལ་དངོས་པོའི་བརྡ་སྦྱར་ཕྱིན་ཆད། དོན་བྱེད་ནུས་པ་མཐོང་བ་ན་འདི་ནི་དངོས་པོའོ་ཞེས་རང་བཞིན་གཅིག་ཏུ་འཛིན་པའི་ཕྱིར། དེ་སྐད་དུ། སྒྲ་ཡི་དོན་ལ་གཅིག་ཉིད་དུ། །འཁྲུལ་པས། །ཞེས་གསུངས་པ་ཡིན་ནོ། །མཚན་མཚོན་གཉིས་དང་མཚན་གཞི་ཕལ་ཆེར་གནས་སྐབས་འབྲེལ་བ་ཡིན་ཏེ། དཀར་ཟལ་མཐོང་བ་ན་དེ་ལ་ནོག་ལྐོག་ཤལ་དང་བ་གླང་གི་བློ་སྐྱེ་བ་སོགས་མཚན་ཉིད་བྱེ་བྲག་པ་ཀུན་ལ་རིགས་འགྲེ་བས་སོ། །ཡང་དངོས་པོ་མཚན་གཞིར་བྱས་ནས་མི་རྟག་པར་མཚོན་པ་ལ་སྐད་ཅིག་མ་བཀོད་པ་ལྟ་བུ་ལ་རང་བཞིན་འབྲེལ་བའང་ཡོད་དེ། སེལ་ངོའི་དངོས་པོ་དང་སེལ་ངོའི་མི་རྟག་པ་ལ་བདག་གཅིག་གི་འབྲེལ་བ་གྲུབ་ཅིང་། སེལ་ངོའི་དངོས་པོ་དང་སེལ་ངོའི་སྐད་ཅིག་མ་ལ་བདག་གཅིག་གི་འབྲེལ་བ་གྲུབ་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
| Domain | ཚད་མ། |