54166

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚམས་མེད་པ་ (1)
Part of speech མིང་ཚིག
Definition སྐྱེ་བ་ཕྱི་མ་ཁོ་ན་ལ་དམྱལ་བར་སྐྱེ་བ་ལ་ལས་དང་འགྲོ་བ་གཞན་གྱིས་མཚམས་སམ་བར་བཅད་པར་མི་ནུས་པའི་ལས་ཤིག་སྟེ། ཚེ་རབས་གཞན་གྱི་འབྲས་བུ་ཅན་གྱི་ལས་དག་གི་རྣམ་པར་སྨིན་པར་འགྱུར་བའི་བར་དུ་གཅོད་པར་མི་ནུས་པས་མཚམས་མེད་པ་རྣམས་ཏེ། ཟིལ་གྱིས་མི་གནོན་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་དེ་བྱེད་པའི་གང་ཟག་འདི་ནས་ཤི་འཕོས་པ་དང་དམྱལ་བར་སྐྱེ་བར་འགྱུར་བ་ལ་བར་ཆད་མེད་པས་དེ་ནི་བར་ཆད་པའོ། །དེའི་དངོས་པོ་ནི་བར་ཆད་མེད་པ་ཉིད་དེ། ཆོས་གང་དང་ལྡན་པའི་ཕྱིར་དེ་བར་ཆད་མེད་པ་ཡིན་ཏེ། དགེ་སྦྱོང་གི་ཚུལ་བཞིན་ནོ། །དེ་ཡང་རྣམ་པ་ལྔ་སྟེ། ཕ་དང་མ་དང་དགྲ་བཅོམ་གསོད་པ། དགེ་འདུན་གྱི་དབྱེན་བྱེད་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་རྣམས་ཡིན་ནོ། །འདི་དག་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་རྣམས་ཁོ་ན་ལ་ཡོད་ཀྱི་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་མེད་ན་ཁམས་གཞན་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྡིག་པའི་བསམ་པ་མི་བརྟན་པའི་ཕྱིར་དང་གཉེན་པོ་ལམ་མེད་པའི་ཕྱིར་རོ། །ཡང་གླིང་གསུམ་གྱི་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ལ་མི་འདོད་པའི་རྒྱུ་མཚན་ནི། སྡོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དེ་དག་གི་ཕ་མ་དག་གིས་དབང་པོ་མ་ཚང་བར་བསྐྱེད་པ་དང་བྱམས་པ་ཆུང་བས་ཕན་པ་ཆུང་བའི་ཕྱིར་དང་། རང་བཞིན་གྱིས་རྒྱུད་ཞིང་ཚ་སྒོ་ཅན་ལྟར་དེ་དག་ཀྱང་ཕ་མ་ལ་ངོ་ཚ་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་ཡི་དྭགས་དང་དུད་འགྲོ་ལ་ཕ་དང་མ་གསོད་པའི་མཚམས་མེད་པར་མི་འདོད་དོ་ཞེས་གྲག་གོ །
Domain ཆོས་ལུགས།