54185

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚམས་སྦྱོར་ (1)
Part of speech མིང་ཚིག
Definition མི་ཕན་ཚུན་ངོ་སྤྲོད་བྱས་པའི་དོན།
Example ངས་ད་ནངས་འཛིན་གྲྭའི་ནང་ནས་སློབ་མ་ཚོར་རང་ཉིད་མཚམས་སྦྱོར་བྱས་པ་ཡིན་ལྟ་བུ།
མཚམས་སྦྱོར་ (2)
Part of speech མིང་ཚིག
Definition ཚིག་དོན་སོགས་སྔ་མ་དང་ཕྱི་མ་གཉིས་མཐུད་པའམ་འབྲེལ་བར་བྱས་པའི་དོན།
Example ཚིག་གོང་འོག་མཚམས་སྦྱོར་བྱས་ལྟ་བུ།
མཚམས་སྦྱོར་ (3)
Part of speech མིང་ཚིག
Definition སུམ་ཅུ་པའི་གཞུང་དུ་ལྷག་མ་འདྲེན་ཚུལ་གྱི་སྒོ་ནས་དབྱེ་བ་གསུམ་བྱུང་བའི་ནང་གི་དང་པོ་སྟེ། དེ་ལ་ཡང་ནང་གསེས་ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བས་འདྲེན་བྱེད་དང་འདྲེན་བྱ་དུས་རིམ་པར་འཇུག་པ་ཞིག་དང་། སྔ་ཕྱི་གཉིས་ཀ་བྱ་བར་སྦྱོར་ཞིང་དུས་རིམ་གྱིས་འཇུག་པ་ཞིག་དང་། དེ་ཉིད་ལ་དུས་སྔ་ཕྱི་མེད་པ་ཞིག་སྟེ་གསུམ་འབྱུང་།
Example མདའ་འཕངས་ཏེ་ཕོག ལྷ་བསྒྲུབས་ཏེ་གྲུབ་ལྟ་བུ་དང་པོ་དང་། ལྷ་མཆོད་དེ་ལས་བྱ། ཕྱག་འཚལ་ཏེ་བཤད་ལྟ་བུ་གཉིས་པ་དང་། འཛུམ་དམུལ་ཏེ་མདངས་ཕྱུང་། འཕར་ཏེ་འགྲོ། ཚེག་སྒྲ་དང་བཅས་ཏེ་འབར་ལྟ་བུ་གསུམ་པ་ཡིན།
Domain སྒྲ་རིག་པ།