From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མཚལ་ (1)
| Part of speech
|
མིང་ཚིག
|
| Definition
|
རྡོ་སྨན་གྱི་རིགས་ཤིག་སྟེ། འདི་ལ་དཀར་པོ་དང་ནག་པོ་བཅས་རིགས་གཉིས། ཁ་དོག་སྨུག་ལ་དངུལ་རྡོའི་དབྱིབས་འོད་ཁྲོབ་བེ་བ། བཏུལ་ན་སྨུག་ཤས་ཆེ་བ་མཚལ་ནག་གམ་ཕོ་མཚལ་ཟེར། ཁ་དོག་དམར་ལ་དཀར་ཞིང་དྭངས་ཤས་ཆེ་བ། འཇམ་ལ་འོད་ཆུང་བ་བཏུལ་ན་དམར་ཤས་ཆེ་བ་ལ་མཚལ་དཀར་རམ་མོ་མཚལ་ཟེར། འདི་གཉིས་ཀ་བཅུད་འདུས་རིན་ཆེན་མཚལ། ཁུ་བ་བཏོན་པས་དངུལ་ཆུ་ཟེར། སྨན་དུ། རྨ་འདྲུབ་རུས་ཆག་སྦྱོར། །གློ་མཆིན་རྩ་ཚད་སེལ། །ཞེས་ཤེལ་ཕྲེང་ལས་གསུངས།
|
| Domain
|
གསོ་རིག
|
| Synonyms
|
དངུལ་ཆུའི་མ། ཊཾ་ཀ་ན། ཀྵར་ན།
|
མཚལ་ (2)
| Part of speech
|
མིང་ཚིག
|
| Definition
|
ཁྲག
|
| Example
|
ཤངས་མཚལ། ལྟེ་མཚལ་ཕོ་ས་ལྟ་བུ།
|
| Type
|
ཞེ་ས།
|