54311

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:43, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚེ་མ་དྲུག་ (1)
Part of speech མིང་ཚིག
Definition མེ་སྟག་ཆུ་སྟག་སྟེ་ཤིང་གདུག་པ་ཅན་གཉིས་སྡེ་ཚན་གཅིག་དང་། མེ་སྦྲུལ་ཆུ་སྦྲུལ་ཏེ་མེ་གདུག་པ་ཅན་གཉིས་སྡེ་ཚན་གཅིག ཤིང་སྤྲེལ་ལྕགས་སྤྲེལ་ཏེ་ལྕགས་གདུག་པ་ཅན་གཉིས་སྡེ་ཚན་གཅིག ཤིང་ཕག་ལྕགས་ཕག་སྟེ་ཆུ་གདུག་པ་ཅན་གཉིས་སྡེ་ཚན་གཅིག མེ་ཡི་བྱ་སྤྲེལ་དང་ལྕགས་བྱ་སྟེ་ལྕགས་གདུག་པ་ཅན་གསུམ་སྡེ་ཚན་གཅིག མེ་བྱི་ཆུ་ཕག་སྟེ་ཆུ་གདུག་པ་ཅན་གཉིས་སྡེ་ཚན་གཅིག་བཅས་བྱས་པའི་སྡེ་ཚན་དྲུག་ལ་ཟེར་ཞིང་། མཚེ་མ་ཟེར་དོན་ནི་ལྕགས་གདུག་པ་ཅན་གསུམ་མ་གཏོགས་གཞན་ཚང་མར་ཟུང་ངམ་གཉིས་རེར་ཡོད་པས་ཡིན་པར་འདོད། གཤིན་རྩིས་སྐབས་སུ་གཤིན་ལོ་མེ་སྟག་ཡིན་ན། ཚེ་ལས་འདས་སྐབས་ཀྱི་གནམ་ལོ་ཆུ་སྟག་ཡིན་པ་ལྟ་བུ་དེ་གཉིས་མཚེ་མ་དྲུག་གི་ནང་གསེས་སྡེ་ཚན་གཅིག་གི་ནང་དུ་འདོམ་ཚེ་རོ་ཟློས་ཡོད་པར་བཤད་ལ། དེ་མིན་སྡེ་ཚན་གཅིག་ནང་གཤིན་ལོ་དང་འཆི་ཁའི་གཤིན་པོ་རང་གི་ལོག་མེན་ལོ་གཉིས་འདོམ་ཡང་གོང་བཞིན་ངན་པར་བཤད།
Domain རྩིས་རིག