54318

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚེར་ (1)
Part of speech མིང་ཚིག
Definition དོན་ལྔའི་ཡ་གྱལ་ཏེ། མཚེར་བ་ཞེས་པའི་བསྡུས་ཚིག་དང་། ནང་གི་ཟགས་ཐོན་རྨེན་བུ་ཞིག་ཡིན། ཕོ་བའི་གཡོན་གྱི་སྨད་ན་མཆིན་དྲི་དང་འབྲེལ་ཡོད། མདོག་ཁམ་ནག་དང་། དབྱིབས་ལེབ་མོ་མཐའ་སྲབ་ཅིང་། རྟིང་བ་མཐུག་པ་ཞིག་ཡིན། དེ་ལ་ཁྲག་རྡུལ་གསར་བ་བསྐྱེད་པ་དང་། ཁྲག་རྡུལ་རྙིང་བ་བསལ་བ། ནད་འབུ་ཕྲ་མོའི་གནོད་པ་འགོག་པ་སོགས་ཀྱི་ནུས་པ་ཡོད།
Example ར་མཚེར་ལྟ་བུ།
མཚེར་ (2)
Part of speech མིང་ཚིག
Definition མཚེར་ས་ཞེས་པའི་བསྡུས་ཚིག་སྟེ། འབྲོག་པ་ཚོ་རྩྭ་དང་ཆུ་གང་བཟང་སར་སོང་ནས་ཕྱུགས་འཚོ་བའི་སྐབས། ཁྱིམ་ཚང་རྣམས་སྡོད་སའི་གནས་ཏེ།
Example དགུན་མཚེར། དབྱར་མཚེར་ལྟ་བུ།