54352

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:44, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཚོ་ཕུ་དགོན་ (1)
Part of speech མིང་ཚིག
Definition འབའ་སྡེའི་སའི་ཆུ་མགོར་ཆགས་ཡོད། དགོན་འདིའི་མཚན་དོན་ནི། གནས་མཚོའི་ཕུག་ཏུ་ཡོད་པས་མཚོ་ཕུ་དགོན་ཞེས་འབོད། ཀཿཐོག་སི་ཏུའི་ཟིན་ཐོ་ཞིག་ཏུ་ལྷོ་ཡི་དགོན་ལག་གི་གྲས་སུ་དགོན་འདི་རྩིས་ཡོད་པར་གཞིག་ན། ཀཿཐོག་སི་ཏུའི་སྐུ་དུས་སུ་ཀཿཐོག་དགོན་པའི་དགོན་ལག་ཡིན་པར་ངེས། །རྗེས་སུ་དྲང་ནམ་མཁའ་རྒྱ་མཚོ་གནས་འདིར་བྱོན་ནས་གཙུག་ལག་ཁང་བཞེངས། སྒྲུབ་བརྒྱུད་ཀྱི་བསྟན་པ་དར། ཡ་སོ་དགོན་གྱི་ལྟ་སྐྱོང་གནང་ནས་དབྱར་གནས་དང་། ཕུར་སྒྲུབ་དོང་སྤྲུགས་སོགས་བཙུགས། དགོན་འདིར་རྟེན་གྱི་གཙོ་བོ་རིག་འཛིན་ཀློང་གསལ་ཀྱིས་བཞེངས་པའི་ཀློང་གསལ་གསུང་འབྱོན་ང་འདྲ་མ་དང་། ལི་མ་ལས་གྲུབ་པའི་སྟོན་པའི་སྐུ་འདྲ། གསུང་རྟེན་དུ་རྙིང་རྒྱུད་དང་། བཀའ་འགྱུར། བསྟན་འགྱུར། ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་འབུམ། བདུད་ཀློང་གཉིས་ཀྱི་ཆོས་སྐོར་སོགས་བཞུགས། ཐུགས་རྟེན་དུ་དྲུང་ནམ་མཁའ་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་ཆེན་པོ་དང་། འདུ་ཁང་། བླ་བྲང་། གཉེར་ཁང་། གྲྭ་ཤག་ཉི་ཤུ་ཡོད། འོན་ཀྱང་དུས་འགྱུར་སྐབས་མིང་གི་ལྷག་མར་གྱུར། དེང་དུས་སུ་བླ་མ་སྒྲོལ་མ་ཚེ་རིང་མཆོག་གིས་འདུ་ཁང་དང་གྲྭ་ཤག་བཞི་བཅུ་ཞེ་བཞི་གསར་བཞེངས་གནང་།

{{#arraymap:མཚོ་ཕུ་དགོན་

|; |@@@ | | }}

མཚོ་ཕུ་དགོན་ (2)
Part of speech མིང་ཚིག
Definition མཚོ་ཕུ་དགོན་པའམ་མཚོ་ཟུར་དགོན་ཞེས་པ་ནི། ཤར་ཤིང་སྒོ་གངས་ཀྱི་ར་བ་ཞེས་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་གནས་ཁྱད་པར་ཅན་དེར། རབ་བྱུང་བཅུ་གསུམ་པ་ཙམ་ལ་ཀཿཐོག་པ་དྲུང་ནམ་མཁའ་རྒྱ་མཚོས་བཏབ། ཕྱིས་སུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་གྱིས་བཀའ་གཏེར་སྨིན་གྲོལ་སྩལ། ཁོང་གི་ཞལ་སློབ་བདུད་འདུལ་སོགས་རིག་འཛིན་སྟོན་འཁོར་འདུས་ཏེ་དགོན་འདིར་རྣལ་འབྱོར་པ་དང་གྲུབ་ཐོབ་ཀྱིས་གང་བ་བྱུང་། ཆོས་དབྱིངས་རང་གྲོལ་གྱི་ཡང་སྲིད་ཁྲོ་ཟུར་སྐལ་བཟང་ལྡེའུ་བཙན་གྱིས་དགོན་འདི་བསྐྱངས་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་མཛད། དགོན་འདི་ལ་སྔོན་སྐུ་གསུང་ཐུགས་རྟེན་རྙིང་པ་གནའ་རྫས་མང་པོ་ཡོད།

{{#arraymap:མཚོ་ཕུ་དགོན་

|; |@@@ | | }}