54433
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། སྦྱོར་ལམ་མཚོན་བྱེད་དཔེའི་ཡེ་ཤེས་ཀྱི་དྲང་བྱ་མཐོང་ལམ་གྱི་ཡེ་ཤེས་ཏེ། འོད་གསལ་སྙིང་པོ་ལས། དེ་ལྟར་སྦྱོར་ལམ་གྱི་རྟོགས་པ་མཐར་ཐུག་པ་དེས་མཚོན་བྱ་དོན་གྱི་ཡེ་ཤེས་ནམ་མཁའི་ཟླ་བ་དངོས་ལྟ་བུའི་རང་མཚན་དེ་ཉིད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མཐོང་བའི་མཐོང་ལམ་དྲངས་ནས་ཆོས་ཉིད་ཀྱི་བདེན་པ་མངོན་དུ་གཟིགས་པའི་ཤེས་རབ་ལ་སོགས་པ་བྱང་ཆུབ་ཀྱི་ལམ་ཡན་ལག་བདུན་དང་ལྡན་པའི་མངོན་རྟོགས་དང་ལྡན་པར་འགྱུར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |