54440
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྫོགས་ཆེན། རྙིང་མ། མཚོན་བྱེད་རྒྱུད་དྲུག་ནི། མཚོན་བྱ་རྫོགས་པ་ཆེན་པོའི་དོན་མཚོན་པར་བྱེད་པའི་རྫོགས་ཆེན་ཨ་ཏི་ཡོ་གའི་རྒྱུད་དྲུག་སྟེ། ཐེག་དགུ་སྤྱི་ཆིངས་ཀྱི་འགྲེལ་བཤད་ཉི་མའི་འོད་ཟེར་ལས། རྫོགས་པ་ཆེན་པོ་འཆད་པར་བྱེད་པ་ལ་སྤྱི་དོན་དང་གཞུང་དོན་གཉིས། དང་པོ་ལ། མཚོན་བྱེད་རྒྱུད་དང་། མཚོན་བྱ་དོན་གཉིས་ལས། དང་པོ་ནི། ཨ་ཏིའི་བསྟན་པ་ནམ་མཁའ་དང་འདྲ་སྟེ། མཐའ་མེད་པར་བསྟན་པའོ། །དེའང་ཕྱོགས་ཙམ་ཞིག་མཚོན་ནས། སེམས་སྡེའི་སྐོར་དང་། རྒྱུད་སྡེའི་སྐོར་དང་། ཀློང་སྡེའི་སྐོར་དང་། ཤན་འབྱེད་བྲམ་ཟེའི་སྐོར་དང་། ལ་བཟླ་རྒྱལ་པོའི་སྐོར་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་མན་ངག་སྐོར་དང་དྲུག་གོ ། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:མཚོན་བྱེད་རྒྱུད་དྲུག་
|; |@@@ | | }}