From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
མལ་གུར་ (1)
| Part of speech
|
མིང་ཚིག
|
| Definition
|
ཉལ་སའི་གུར་ཞིག་སྟེ། མང་ཆེ་བ་རས་དཀར་པོ་ལས་བཟོས་པ་ཡིན། ཆེ་ཆུང་ལ་འདྲ་མི་འདྲ་ཅི་རིགས་ཡོད། དབྱར་ཁ་སྤང་ཁུག་ལ་ཕུབ་ནས་ནང་དུ་ཉལ་ན་ཤིན་ཏུ་སྐྱིད།
|
| Example
|
ཤིང་སློང་སྐབས་ང་ཚོས་ནེའུ་གསིང་དུ་མལ་གུར་ཕུབ་པ་ཡིན་ལྟ་བུ།
|
མལ་གུར་ (2)
| Part of speech
|
མིང་ཚིག
|
| Definition
|
དབྱར་དུས་ཚ་བ་ཆེ་སའི་ས་ཁུལ་དུ་དགོང་མོ་ཉལ་སྐབས་དུག་སྦྲང་འགོག་སྤྱད་དུ་སེང་རས་ཀྱིས་བཟོས་པའི་གུར་ཞིག་སྟེ། ནང་དུ་ཉལ་ན་དུག་སྦྲང་གིས་སོ་རྒྱག་མི་ཐུབ་པས་གཉིད་ཤིན་ཏུ་སྐྱིད་པོ་ཁུག་ཐུབ་པ་ཡིན།
|
| Example
|
ངས་མལ་གུར་འཁྱེར་ཡོང་རྒྱུ་བརྗེད་སོང་བས་དོ་ནུབ་གཉིད་སྐྱིད་པོ་ཞིག་མི་ཡོང་ཁོ་ཐག་རེད་ལྟ་བུ།
|