55024
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། མུན་ཁང་དེར་བསམ་གཏན་འབོལ་ཆུང་བཏིངས་ནས། ལུས་གནད་རྐང་བ་རྡོ་རྗེའི་སྐྱིལ་ཀྲུང། རྒལ་ཚིགས་དང་ལྟག་པ་བསྲང། ལྐོག་མས་ཨོལ་མདུད་ནོན་ཙམ་གྱིས་མགྲིན་པ་གུག་སོ་མཆུ་རང་སར་བཞག་ལྕེ་རྩེ་རྐན་ལ་སྦྱར། ལག་པ་ནི་མཉམ་བཞག་གམ་ཁུ་ཚུར་བརླ་བཞག་བྱ་སྟེ། མཐེ་བོས་སྲིན་ལག་གི་རྩ་བ་མནན་པ་ལ་སོར་མོ་རྣམས་ཀྱིས་ཕྱི་ནས་བསྡམས་པའི་ཁུ་ཚུར་གྱིས་བརླའི་རྩ་བར་མནན་ལ་ལག་ངར་བསྲང། ལྟ་སྟངས་ནི་སྨིན་མཚམས་ནས་སོར་བཅུ་དྲུག་གཞལ་བའི་སྟེང་གི་ནམ་མཁའ་ལ་མིག་ཧ་ཅང་གདང་བ་མ་ཡིན་པ། ཧ་ཅང་བཙུམ་པ་མ་ཡིན་པ་རང་བབས་ཀྱི་ངང་ནས་མིག་འབྲས་གྱེན་དུ་བསྒྲིལ་ནས་འབྱེད་འཛུམ་སོགས་མི་བྱེད་པར་གཡོ་མེད་དུ་བཞག དེ་ལྟར་ལུས་གནད་བྱས་ནས། བྱ་བ་གཞན་སྤངས་ཏེ་བཞག་པས་རྩ་རྣམས་གཡོ་མེད་དུ་གནས་པ་ནི་ལུས་མི་གཡོ་བ། ངག་གནད་སྔར་རླུང་འཁྲུགས་པ་དང་འཁྱམས་པ་སེལ་ཅིང་ཕྱིས་རླུང་སྐྱོན་མི་འབྱུང་བའི་ཕྱིར་རླུང་རོ་ལན་གསུམ་སྣ་སྒོ་ནས་སངས་ཀྱིས་འབུད། དེ་རྗེས་ནས་ཐུན་གྲོལ་གྱི་བར་དུ་རང་བབས་སུ་བཞག་ཅི་བདེར་རྒྱུ་རུ་གཞུག་པ་ངག་མི་གཡོ་བ། སེམས་ཀྱི་གནད་གང་ཡང་བསམ་དུ་མེད་པ། ཅི་ཡང་ཡིད་ལ་མི་བྱེད་པ། ཆེད་དུ་མ་སྒྲིམ། ཆེད་དུ་མ་ཀློད། ཕར་ནམ་མཁའ་ལ་ཆེར་གྱིས་བལྟ་བ་ཡང་མ་ཡིན། ཚུར་རང་ཉིད་ལ་ཆེད་དུ་ལྟ་བ་ཡང་མ་ཡིན། གང་ལ་ཡང་མི་བརྟེན། ཅིར་ཡང་འཆར་རུང་ཙམ་དེ་ལ་བཟོ་བཅོས་མེད་པ་ལྷོད་དེ་བཞག་གང་དུ་མིག་ལྟ་སའི་གཙུག་ཏོར་ཐད་ཀྱི་ནམ་མཁའ་དང་ཡིད་མིག་རླུང་གསུམ་དབྱེར་མེད་དུ་བསྲེས་ཏེ་གང་ཡང་ཡིད་ལ་མི་བྱེད་པར་སེམས་ཆེ་རེ་གཏད་ནས་འཇོག་པ་ཡིན་ཏེ། དྲི་མེད་འོད་ལས། དང་པོར་སྟོང་ཉིད་བྱང་ཆུབ་ནི་མུན་པ་ལ་ཅི་ཡང་བསམ་པར་མི་བྱའོ། །ཞེས་གསུངས་ཏེ། ཡིད་མི་གཡོ་བའོ། ། |
| Domain | ཆོས་ལུགས། |