55110
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྷ་དཔལ་འདྲེ་བདུད་ཀྱི་ནང་གསེས་བདུད་ཅེས་པ་སྟེ། བརྩི་བྱ་དག་གི་མ་ཀླུང་སྐྱེས་པའི་སྤར་ཁ་སྐྱེས་སྤར་དང་། རང་ཀླུང་སྐྱེས་པའི་སྨེ་བ་སྐྱེས་སྨེ་གཉིས་ཀྱི་ཁམས་སོ་སོའི་སྐྱེས་ལོའི་སྲོག་ལུས་དབང་ཀླུང་བཞིའི་ཁམས་ཀྱི་དགྲ་རུ་འགྲོ་བ་ལ་ཟེར་བ་ཡིན། དེ་ལས་བརྩི་བྱ་སུ་ཞིག་སོ་སོའི་སྐྱེས་སྤར་གྱི་ཁམས་ནི་རང་ལོའི་སྲོག་ཁམས་ཀྱི་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། སྤྱིར་ཚེ་ཡི་ཉི་མ་ནུབ་ཅེས་ཚེ་སྐལ་ཆད་པས་བཙས་མ་ཐག་ཏུ་འཆི་བར་བཤད། བྱེ་བྲག་ཏུ་སྲོག་ཁམས་ལ་ལྕགས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེ་རང་ལོ་བཅོ་ལྔའི་སྟེང་དུ་འཆི་བར་བཤད། སྲོག་ཁམས་ལ་མེ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེ་རང་ལོ་བཅུ་གཉིས་སྟེང་དུ་འཆི་བར་བཤད། སྲོག་ཁམས་ལ་ཆུ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེ་རང་ལོ་དགུ་པའི་སྟེང་དུ་འཆི་བར་བཤད། སྲོག་ཁམས་ལ་ས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེ་རང་ལོ་དྲུག་པའི་སྟེང་དུ་འཆི་བར་བཤད། སྲོག་ཁམས་ལ་ཤིང་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེ་རང་ལོ་གསུམ་པའི་སྟེང་དུ་འཆི་བར་བཤད། རང་ལོའི་ལུས་ཁམས་ཀྱི་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། སྤྱིར་ལུས་སྐལ་ཆད་པས་གཟུགས་ངན་ཞིང་ཞོ་ཤ་མེད་དེ་གཅོང་གིས་ཟིན་པར་བཤད། བྱེ་བྲག་ཏུ་ལུས་ཁམས་ལ་ལྕགས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་གློ་བ་གཅོང་ཅན་འོང་བར་བཤད། ལུས་ཁམས་ལ་མེ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་ཚད་ནད་དང་། སྙིང་ནད། ཤ་ཡའི་ནད་བཅས་འབྱུང་བར་བཤད། ལུས་ཁམས་ལ་ཆུ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་མཁལ་ནད་དང་། འབམ་ནད། དབུ་ཆུའི་ནད་བཅས་འབྱུང་བར་བཤད། ལུས་ཁམས་ལ་ས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་མཚེར་ནད་དང་གཞང་འབྲུམ་སོགས་ཀྱི་ནད་འབྱུང་བར་བཤད། ལུས་ཁམས་ལ་ཤིང་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་མཆིན་ནད་དང་། གླང་ཐབས། སྒུར་པོ་སོགས་འོང་བར་བཤད། རང་ལོའི་དབང་ཁམས་ཀྱི་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། སྤྱིར་བཏང་སྐལ་ཆད་པས་བརྒྱ་ནོར་སྟོང་ལུག་ཡོད་ཀྱང་ཐ་མར་སྤྲང་པོར་འགྲོ་བ་དང་། བུ་སྤུན་བདུན་བཙས་ཀྱང་ཐ་མར་མི་རབས་ཆད་པར་བཤད། བྱེ་བྲག་ཏུ་དབང་ཁམས་ལ་ལྕགས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་བུ་ཚ་སྟག་ཡོས་ལོ་པ་མི་སྐྱེ་བར་བཤད། དབང་ཁམས་ལ་མེ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་བུ་ཚ་བྱ་སྤྲེལ་ལོ་པ་མི་སྐྱེ་བར་བཤད། དབང་ཁམས་ལ་ཤིང་དགྲ་རུ་འགྲོ་བའི་ཐུབ་བདུད་ཡིན་ན། དེར་བུ་ཚ་གཤེད་བཞི་ལོ་པ་མི་སྐྱེ་པར་བཤད། རང་ལོའི་ཀླུང་ཁམས་ཀྱི་དགྲར་འགྲོ་བའི་མི་ཐུབ་བདུད་ཡིན་ན། སྤྱིར་ཀླུང་སྐལ་ཆད་པས་ཡུལ་མཁར་འཕོ་སྐྱས་བྱེད་ཅིང་སྐྱིད་སྡུག་མང་བ་དང་། དགོས་དགུ་ཚང་ཡང་འགོ་ལྷས་མི་སྐྱོབ། བསམ་པའི་དོན་མི་འགྲུབ། སྟོང་སྡེ་དགྲར་ལངས། ཁ་སྨྲས་གླེང་གཞི་མང་། མ་ཉེས་ཁ་ཡོགས་སོགས་འབྱུང་བར་བཤད། བྱེ་བྲག་ཏུ་ཀླུང་ཁམས་ལ་ལྕགས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་འཁྲུག་པའི་མཚོན་ཁ་འདུ་བར་བཤད། ཀླུང་ཁམས་ལ་མེ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེའི་ཡུལ་དང་ཁང་ཁྱིམ་འཚིག་པར་བཤད། ཀླུང་ཁམས་ལ་ཆུ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་ཤྭ་འོད་ཆུ་ཡིས་གནོད་པར་བཤད། ཀླུང་ཁམས་ལ་ས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་སྒྱོགས་དང་ཁང་རལ་འོང་བར་བཤད། ཡང་བརྩི་བྱ་སུ་ཞིག་སོ་སོའི་སྐྱེས་སྨེ་ཡི་ཁམས་ནི་རང་ལོའི་སྲོག་ཁམས་ཀྱི་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། སྤྱིར་སྨེ་སྐལ་ཆད་པས་ལྷ་འདྲ་སྡང་ཞིང་སེམས་ལ་སྡུག་བསྔལ་མང་། བུ་ཚ་ལྷག་ཆད་ཅན་འབྱུང་། སྐྱིད་ཡུན་མི་རྟག་སྡུག་ཡུན་རིང་། སྐྱེས་པ་ཡིན་ན་རོ་ཁུར་བྱེད། བུད་མེད་ཡིན་ན་ཡུགས་སར་འབབ་པ་བཅས་འོང་བར་བཤད། བྱེ་བྲག་ཏུ་སྲོག་ཁམས་ལ་ལྕགས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་བཙན་འདྲེ་གནོད་པར་བཤད། སྲོག་ཁམས་ལ་མེ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་བདུད་དང་མ་མོ་གནོད་པར་བཤད། སྲོག་ཁམས་ལ་ཆུ་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་ཀླུ་དང་མཚོ་སྨན་གནོད་པར་བཤད། སྲོག་ཁམས་ལ་ས་དགྲ་རུ་འགྲོ་བའི་མི་ཐུབ་བདུད་ཡིན་ན། དེར་གཟའ་དང་རྒྱལ་པོ་གནོད་པར་བཤད། དེ་མིན་ལུས་དབང་ཀླུང་རྟའི་ཁམས་རང་སྐྱེས་སྨེ་ཁམས་ཀྱིས་གཅོད་པའི་མི་ཐུབ་བདུད་ཡིན་ཡང་ངན་པ་ཡིན། |
Domain | རྩིས་རིག |
{{#arraymap:མི་ཐུབ་བདུད་
|; |@@@ | | }}