55413
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་ཀྱི་སེམས་བཅུའི་ཡ་གྱལ་ཞིག་སྟེ། ཆོས་ཉིད་རང་གི་མཚན་ཉིད་མཐོང་དོན་སྒོམ་པས་དེ་ལས་མི་འགྱུར་བར་གནས་པའི་ཕྱིར་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་ཞེས་བྱ། སེམས་འདི་ནི་སྒོམ་ལམ་ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་སར་དཔེ་ཚེས་བཞི་པའི་ཟླ་ཚེས་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་ཞིང་། དེ་ནི་གནས་སྐབས་བཅུ་ལས་ཡུལ་ལ་འཇུག་པའི་གནས་སྐབས་སུ་ཐོབ་པར་གསུངས། |
| Domain | ཆོས་ལུགས། |