55431
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་བཞིན་གཤེགས་པའི་མ་འདྲེས་པའི་ཆོས་ཀྱི་ནང་གསེས། ཀྱེ་མ་ང་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་དང་། །ཀྱེ་མ་ང་ཟག་པ་ཟད་པར་གྱུར་པ་ལ་ཞེས་བྱ་བའི་མི་འཇིགས་པ་དང་། ངས་གང་དག་ཉན་ཐོས་རྣམས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་དང་། ངས་ཉན་ཐོས་རྣམས་ཀྱི་ངེས་པར་འབྱུང་བའི་ལམ་དུ་གསུངས་པ་ལ་ཞེས་བྱ་བའི་མི་འཇིགས་པ་སྟེ་བཞིའོ། །དེ་དག་རིམ་པ་བཞིན་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང་། ཀུན་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་རྣམས་ཇི་ལྟ་བར་འདི་དག་དང་འདྲ་བའོ། ། |
| Domain | ཆོས་ལུགས། |