55436
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། མདོ་ལས། མི་འཇིགས་པའི་སྦྱིན་པ་ནི། རྒྱུ་ཡི་བོན་དང་འབྲས་བུའི་བོན་གཉིས་སུ་མེད་པར། རྒྱུ་འབྲས་གཉིས་སུ་མེད་པའི་དོན། སེམས་ཉིད་ཐིག་ལེ་ཉག་གཅིག་ངང་ལ་མཉམ་པར་གནས་པའོ། །གང་དུ་ཡང་མི་འཇིགས་པར་སངས་རྒྱས་པའོ། །ཞེས་གསུངས་པ་ལྟར། དེ་ཡང་འཕྲལ་གྱི་སྡུག་བསྔལ་ལས་ཉེ་བར་སྐྱོབ་པར་བྱེད་པའི་མཚན་བཅས་ཀྱི་དགེ་བའི་རིགས་སུ་གྱུར་པའི་རྒྱུ་ཡི་བོན་དང་། བསྐྱབ་བྱ་ཡུན་གྱི་སྡུག་བསྔལ་ལས་ཉེ་བར་སྐྱོབ་པར་བྱེད་པའི་མཚན་མེད་ཀྱི་དགེ་བའི་རིགས་སུ་གྱུར་པའི་འབྲས་བུའི་བོན་གཉིས་སུ་མེད་པའི་དོན། ཉམས་སུ་ལེན་པའམ་སེམས་ཉིད་ཐིག་ལེ་ཉག་གཅིག་ངང་ལ་མཉམ་པར་གནས་ཞིང་རྒྱུ་འབྲས་གང་གི་དོན་ལའང་མི་འཇིགས་པའི་སྦྱིན་པ་ཞིག་གོ །དེའི་ཕན་ཡོན་ནི། མདོ་ལས། སེམས་ཅན་རྣམས་ཀྱིས་སེམས་ཉིད་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དང་། སངས་རྒྱས་ཀྱི་དགོངས་པ་ཐུགས་སུ་ཆུད་དེ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |