55649
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། དེ་སྒྲུབ་ཀྱི་དགག་བྱའི་ཆོོས་སུ་བཏགས་པའི་དོན་ཡང་ཡིན། རང་ཉིད་དེ་སྒྲུབ་ལ་ཕྱོགས་ཆོོོོས་ཅན་དུ་སོང་བའི་གང་ཟག་ལ་བསྐལ་དོན་དུ་སོང་བ་ཡང་ཡིན་པའི་གཞི་མཐུན་སྲིད་པ་གང་ཞིག རང་ཉིད་རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པ། དབྱེ་ན་ཁོ་རང་ཡིན་པར་གྱུར་པའི་རྒྱུ་ཁྱབ་བྱེད་རང་བཞིན་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ཡོད། |
Domain | ཚད་མ། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། མི་སྣང་བ་མ་དམིགས་པའི་ཚུལ་གསུམ། དབྱེ་བ་སོགས་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པར་གཟིགས། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྐབས་བབས་ཀྱི་ཕྱི་རྒོལ་དེ་ལ་ཐེ་ཚོམ་ཟ་བའི་གཞི་གཙོ་བོར་གྱུར་བས་སྣང་དུ་མི་རུང་བ་ཡང་ཡིན་པའི་གཞི་མཐུན་པ་དེ་ལ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཞེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། རང་ལུགས་ནི། དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་བསྐལ་དོན་ཡང་ཡིན་པའི་གཞི་མཐུན་པ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་ལ་དབྱེ་ན། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང། དེ་སྒྲུུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། ཞེས་གསུངས་པའི་ཕྱིར། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་ཡུལ་དེ་ཡོད་ཀྱང༌། དེ་ཕྱོགས་ཆོས་ཅན་གྱི་གང་ཟག་ལ་བལྟར་མི་རུང་བ། |
Example | མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་སྐྱེས་བུས་ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་མ་དམིགས་པ་བཀོད་པ་ལྟ་བུ། ཞེས་གསུངས། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་མི་ནུས་ཤིང་ཡོད་ངེས་སུ་འགོག་ནུས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། ཞེས་དང་། མཚན་གཞི་ནི། འགོད་ཚུལ་སྐྱོན་མེད་ནི། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ཡོད་ངེས་མ་ཡིན་ཏེ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ནི་རང་བཞིན་གྱིས་བསྐལ་པའི་བསྐལ་དོན་གྱི་དབང་དུ་བྱས་ལ། ཡུལ་དང་དུས་ཀྱིས་བསྐལ་བ་ལ་ཡང་སྦྱར་བར་བྱ་སྟེ། རྣམ་ངེས་ལས། བསྐལ་དོན་གསུམ་ཀ་ལ་ཡང་སྦྱར་བར་གསུངས་པའི་ཕྱིར་རོ། །ཚུལ་གསུམ་ངེས་བྱེད་ནི། ཕྱོགས་ཆོས་མདུན་གྱི་གཞི་འདིར་མཐོང་བའི་དབང་ཤེས་དང་། དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་གྲུབ་སྟེ། དང་པོ་དེས་མདུན་གྱི་གཞི་འདི་དམིགས་སོ་སྙམ་པ་དང་། གཉིས་པ་དེས་འདིར་ཤ་ཟ་མ་དམིགས་སོ་སྙམ་པའི་ངེས་ཤེས་འདྲེན་པར་བྱེད་པའི་ཕྱིར། ཁྱབ་འབྲེལ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་དང་། ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་གཉིས་རྒྱུ་འབྲས་སུ་ངེས་པས་གྲུབ་བོ། །གསུངས་པའི་དགོས་པ་ནི། གཞན་སྡེ་ཁ་ཅིག རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་པའི་ལྡོག་པ་གྲུབ་པ་དང་། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་དང་དེ་གཉིས་ཀྱི་བར་གྱི་བར་དོའི་ལུས་དང་ངག་སྨྲ་བ་དང་། ཆགས་བྲལ་གྱི་གཞི་མཐུན་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པ་དང་། དཔྱོད་པ་པས། རྣལ་འབྱོར་མངོོན་སུམ་དབང་མངོན་གྱིས་མ་མཐོང་བའི་ཕྱིར་ན་མེད་པར་འདོད་པ་རྣམས་དགག་པའི་ཆེད་དུ་ཡིན་ནོ། །ཇི་ལྟར་གསུངས་ཤེ་ན། དགག་བྱའི་ཆོས་དེ་གང་ཟག་དེ་དག་གི་ངོར་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་ནུས་ཀྱང་མེད་ངེས་སུ་བསྒྲུབ་མི་ནུས་ཏེ། དགག་བྱ་དེ་དག་གང་ཟག་དེ་ལ་བསྐལ་དོན་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མ་དམིགས་པའི་རྟགས་ཀྱི་དབྱེ་བ་ཞིག དགག་གཞི་དེ་ཡིི་སྟེང་དུ་དགག་བྱའི་བཏགས་དོན་དེ་ཡོད་ཀྱང་སྐབས་དེའི་ཕྱི་རྒོལ་དེས་ཤེས་མི་ནུས་པར་མ་ཟད་བསྒྲུབ་བྱ་རྟོགས་པའི་ཚེ་ཡང་གསལ་པོ་ཤེས་པར་མི་ནུས་པའི་གནས་ཚུལ་དང་ལྡན་པའི་རང་རྒྱུད་ཀྱི་ཚད་མས་གཞི་དེ་རུ་ཡོད་མེད་ལེགས་པར་མ་ཤེས་པའི་བར་དགག་གཞི་དེ་ཡི་སྟེང་དུ་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་མེད་སོགས་ཐག་གཅོད་པའི་བློ་ཚད་ལྡན་ཞིག་གཏན་ནས་མི་སྲིད་པར་སྒྲུབ་པ་ཡིན། པཎ་ཆེན་མཆོག་གི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་ཉིད་ཀྱི་མདུན་དུ་གཞི་འདིར་སྔར་ལྟར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་གང་ཞིག། །རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ཡོད། རང་ཉིད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན། རང་ཉིད་ཀྱིས་རྟགས་ཀྱི་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་ཉིད་དེ་སྒྲུབ་པ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གི་ཚད་མ་ལ་ལྟར་མི་རུང་བ་དེ། རང་ཉིད་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས། ཤ་ཟ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ཏེ། དེ་ལྟར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་ཚུལ་གསུམ་ཡིན་པའི་ཕྱིར། རྣམ་རྩར། ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འབྱུང་འབྲས་བུ་ཅན། །ཞེས་གསུངས། |
{{#arraymap:མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་
|; |@@@ | | }}