55666
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་དམིགས་པའི་རྟགས་ཡང་དག་གི་ནང་གསེས་ཤིག་སྟེ། དགག་གཞི་སྣང་དུ་རུང་ཞིང༌། དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་དུ་མི་རུང་བའམ། རྩོད་གཞིའི་སྟེང་དུ་དགག་བྱའི་ཆོས་མེད་ངེས་སུ་སྒྲུབ་མི་ནུས་ཤིང༌། ཡོད་ངེས་འགོག་པ་ལ་ཚུལ་གསུམ་ཚང་བ། དཔེར་ན་མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ཅེས་དམ་བཅའ་མི་རིགས་ཏེ། དེ་ངེས་བྱེད་ཀྱི་ངེས་ཤེས་དོན་མཐུན་ཚད་མས་མ་དམིགས་པའི་ཕྱིར་ཞེས་པ་ལྟ་བུའོ། ། |
| Domain | ཚད་མ། |