55668

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མི་སྤང་བའི་དམ་ཚིག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དུག་ལྔ་སྤངས་པའི་ཕར་ལོགས་སུ་སྐུ་དང་ཡེ་ཤེས་བྱ་བ་གུད་ན་མཚོན་དུ་མེད་ཅིང་དུག་ལྔ་པོ་དེ་དག་ནི། སྐུ་དང་ཡེ་ཤེས་སོགས་ཀྱི་མདངས་འབྱིན་པའམ་ངོ་བོ་ལ་སྐུ་ལྔ་སོགས་ལྷུན་གྲུབ་ཏུ་ཡོད་པས་མི་སྤང་བར་རྣམ་པ་བསྒྱུར་བ་ལས་མི་འདའ་བ་བསྲུང་བ་དེ་ལ་བཤད་དོ། །དེ་ལ་ཡང་མི་སྤང་བར་རྣམ་པར་བསྒྱུར་གཞི་ལ་དབྱེ་ན། འགུ་ཡ་ལས། མི་སྤང་བ་ཡི་དམ་ཚིག་ལྔ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་རྣམ་པ་ལྔ། སྙིང་རྗེ་མཆོག་གི་ཡུལ་ཡིན་དང་། སྐུ་ལྔ་ལྷུན་གྱིས་གྲུབ་སྒོ་ནས། མི་སྤང་བ་ཡི་དམ་ཚིག་གོ །ཞེས་པས། དེ་ལ་ཡང། ཡང་དག་གི་དུག་ལྔ་དང་། ལོག་པའི་དུག་ལྔ་གཉིས་སུ་གསུངས་སོ། །
Domain ཆོས་ལུགས།