55699
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་དང་གོ་དོན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྟན་ཚུལ་གྱི་དབང་དུ་བྱས་ན། སློབ་པ་ཉིད་དོ། །མི་སློབ་པ་ཉིད་དོ། །ཞེས་པའི་མདོ་ལས་བསྟན་ཅིང་། བསྟན་དོན་ཡང་། སློབ་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་རྣམ་པར་གྲོལ་བ། དེ་ཤེས་དེ་མཐོང་རྣམས་དང་པོ་དང་། མི་སློབ་པའི་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་རྣམ་པར་གྲོལ་བ། དེ་ཤེས་དེ་མཐོང་རྣམས་གཉིས་པ་ཡིན་པའི་ཕྱིར། སྔ་མའི་ཚུལ་ཁྲིམས་སོགས་ཡོད་དེ། མཐོང་སྒོམ་གང་རུང་གི་ངོ་བོར་གྱུར་པའི་ཟག་མེད་ཀྱི་ཚུལ་ཁྲིམས། སློབ་ལམ་གྱི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་ཤེས་རབ། ཉོན་མོངས་ཅི་རིགས་ལས་གྲོལ་བའི་རྣམ་གྲོལ་ལམ། ཤེས་པ་བརྒྱད་པོ་དེ་ཤེས་དང་། བཟོད་པ་བརྒྱད་པོ་དེ་མཐོང་ཡིན་པར་འཇོག་པའི་ཕྱིར། ཕྱི་མའི་ཚུལ་ཁྲིམས་སོགས་ལྔ་ཡོད་དེ། གཞན་གོ་སླ་ཞིང་ཟད་པ་དང་། མི་སྐྱེ་བ་ཤེས་པ་དེ་ཤེས་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་དེ་མཐོང་ཡིན་པའི་ཕྱིར། མི་སློབ་པའི་ལྔ་པ་འདི་དང་། ཕུན་ཚོགས་འོག་མའི་ལྔ་པ་གཉིས་ཟློས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཡན་ལག་ཕྱི་མ་བཞི་ལ་ཁྱད་པར་མེད་ཀྱང་། ཚུལ་ཁྲིམས་ཀྱི་ཡན་ལག་ལ་ཁྱད་པར་ཡོད་པའི་ཕྱིར་ཏེ། ཕུན་ཚོགས་འོག་མའི་ལྔ་པའི་ཡན་ལག་ཏུ་གྱུར་པའི་ཚུལ་ཁྲིམས་དེ་འདུལ་བ་ཤེས་པ་ལ་བྱེད། འདིའི་ཚུལ་ཁྲིམས་དེ་ཟག་མེད་ཀྱི་ཚུལ་ཁྲིམས་ལ་བྱེད་པའི་ཕྱིར། །ཞེས་གསུངས། |
| Domain | ཆོས་ལུགས། |