55712

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མིག་ (1)
Part of speech མིང་ཚིག
Definition དཔྲལ་བའི་ངོས་སུ་ཡོད་པའི་ལྟ་བྱེད་ཀྱི་དབང་པོ་ཡིན་ལ། དེ་ལ་བརྟེན་ནས་གཟུགས་མཐོང་ཐུབ།
Keyword True
Example མིག་གིས་ལམ་ཁ་ལ་ཡག་པོ་བྱས་ནས་ལྟོས། ངའི་མིག་དང་ཁྱོད་ཀྱི་མིག་ལྟ་བུ།
Synonyms སྤྱན། ཅཀྵུ། ཁྱབ་བྱེད། ལྟ་བྱེད། མཐོང་བྱེད། གཟིགས་བྱེད། འདྲེན་བྱེད། སྣང་བྱེད། གསལ་བྱེད། མིག་སྐྱི། མིག་གི་རྒྱལ་མོ། མིག་གི་ནོར་བུའི་ཁྱིམ། མིག་ཀོང་། མིག་གི་བུ་ཆུང་། མིག་གི་དབང་བོ། མིག་གི་སྒྲོན་མ། སྣང་བའི་དབང་པོ། མིག་ལྕིབས། སྤྱན་ལྕིབས། མིག་སྤྲིན། མིག་ཟུར། མིག་ཤེས། གཟུགས་འཛིན། རིན་ཆེན་འཁོར་ལོ། ལྷའི་སྒྲོན་མེ།
མིག་ (2)
Part of speech མིང་ཚིག
Definition གྲངས་ཀ་གཉིས་མཚོན་ཏེ། མིག་གཡས་གཡོན་གཉིས་ཡོད་པས་ནའོ། །
Type མངོན་བརྗོད།